བསང་ཆུ་རྫོང་དུ་བོད་རིགས་སློབ་མ་ཕྱིར་འབུད།
ཉེ་ཆར་ཕྱི་ཟླ་༤ པའི་ནང་དུ་བླ་བྲང་བསང་ཆུ་རྫོང་སློབ་འབྲིང་གི་སློབ་མ་སུམ་ཅུ་ཙམ་གྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྗེས་ནས། རྒྱ་གཞུང་གིས་སློབ་གྲྭ་དེ་གཙོས་པའི་ཀན་ལྷོ་ཁུལ་གྱི་སློབ་གྲྭ་མང་པོར་དམ་དྲག་ཤུགས་ཆེ་རུ་བཏང་བ་མ་ཟད། བསང་ཆུ་རྫོང་བོད་རིགས་སློབ་འབྲིང་དམིགས་བསལ་དམ་དྲག་གིས་དགེ་སློབ་ཡོངས་ལ་འདྲི་རྩད་དང་དམ་དྲག་བྱས་ཡོད་པ་རེད། གནས་ཚུལ་དེ་དང་འབྲེལ་བའི་ཉེ་ཆར་ཕྱི་ཟླ་༦ ཚེས་༡༩ ཀན་ལྷོ་བླ་བྲང་བསང་ཆུ་རྫོང་གི་སློབ་འབྲིང་སློབ་མ་རང་ལོ་༢༡ ཙམ་ལ་སོན་པའི་སྒྲོལ་མ་བཀྲ་ཤིས་དང། སྒྲོལ་མ་འབུམ་གཉིས་ལས་འགུལ་དེའི་ངན་སྐུལ་བྱེད་མཁན་དང། སྣེ་ཁྲིད་མཁན་ཡིན་སྐོར་ཉེས་འཛུགས་ཀྱིས་སློབ་གྲྭ་ནས་ཕྱིར་འབུད་བྱས་པ་མ་ཟད། དངུལ་གྱི་ཆད་པ་ཡང་བཅད་ཡོད་པ་རེད།།