ཨོ་སི་ཁྲི་ལེ་ཡའི་གྲོས་ཚོགས་འཐུས་མིའི་དྷ་སར་གཟིགས་སྐོར།
ཨོ་སི་ཁྲི་ལེ་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོས་གསུང་དོན། ཁོང་གིས་བོད་ཀྱི་གནད་དོན་ཐོག་གདུང་སེམས་མཉམ་བསྐྱེད་ཡོད། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གཙོ་བོར་བཟུང་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད། རྒྱ་ནག་གིས་བོད་ནང་དུ་ཕྱི་རྒྱལ་གསར་འགོད་པར་སྒོ་བརྒྱབ་པ་ནི་ནོར་འཁྲུལ་རེད་ཅེས་གསུངས་ཡོད་པ་རེད། ཁོང་རྣམ་པས་ཉིན་དྲུག་རིང་བཙན་བྱོལ་བོད་མིའི་ལྷན་ཁང་ཁག་དང། སློབ་གྲྭ་ཁག། རིག་གཞུང་གི་ལྟེ་གནས་ཁག་བཅས་ལ་གཟིགས་སྐོར་གནང་གི་ཡོད་པ་དང། ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐར་མཛད་སྒོའི་ཐོག་མཉམ་ཞུགས་གནང་འཆར་ཡོད་པ་རེད།།