ཨོ་སི་ཁྲི་ལི་ཡའི་གྲོས་ཚོགས་ནང་ྋགོང་ས་མཆོག་གདན་འདྲེན་ཞུ་འཆར།

    གྲོས་ཚོགས་འཐུས་མི་རྣམ་པས་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན། འདི་ལོའི་ལོ་མཇུག་གི་ཕྱི་ཟླ་༡༢ པའི་ནང་ྋགོང་ས་མཆོག་ཨོ་སི་ཁྲི་ལི་ཡར་ཆིབས་བསྒྱུར་གནང་གཏན་ཁེལ་ཡོད་པ་ལྟར། ཨོ་སི་ཁྲི་ལི་ཡའི་གྲོས་ཚོགས་དེ་ཕྱི་ཟླ་༡༡ པའི་ཟླ་མཇུག་ཏུ་འཚོག་བཞིན་ཡོད་པས། ཉིན་ཁ་ཤས་ཀྱི་སྔོན་དུ་ཆིབས་བསྒྱུར་གནང་ཐུབ་ན་ཡག་པོ་ཡོད་པ་རེད་ཅེས་དང། རྒྱ་ནག་གིས་དེ་ལ་སྐྱོན་བརྗོད་བྱེད་སྲིད་ཀྱང། ཨོ་སི་ཁྲི་ལི་ཡའི་གྲོས་ཚོགས་ནང་སུ་གདན་འདྲེན་ཞུ་མིན་ང་རང་ཚོའི་དབང་ཚད་རེད། ྋགོང་ས་མཆོག་གིས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་བཀའ་སློབ་གནང་རྒྱུ་ཡིན་དང། ཡང་ན་ཚོགས་ཁང་གཞན་པའི་ནང་བཀའ་སློབ་གནང་དགོས་ད་ལྟ་ཐག་གཅོད་ཡོད་པ་མ་རེད་ཅེས་བརྗོད་ཡོད་པ་རེད། དེ་བཞིན་བོད་ནང་དུ་རྒྱ་ནག་གིས་གསར་འགོད་རང་དབང་བཀག་འགོག་སོགས་ཀྱི་སྐོར་ལ་སྐྱོན་བརྗོད་གནང་ཡོད་པ་དང། དེ་བཞིན་བཙན་བྱོལ་བོད་གཞུང་གི་མང་གཙོའི་ལམ་ལུགས་སོགས་ཚགས་ཚུད་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།།