ྋགོང་ས་མཆོག་གི་འཁྲུངས་སྐར།
མཛད་སྒོའི་ཐོག་བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་ཆེན་མོས་དབུས་ཁྲིམས་ཞིབ་པ་རྣམ་པ་དང། བཀའ་བློན་ཁྲི་ཚབ་ཆོས་དོན་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་དབུས་བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུས་སྤྱི་འཐུས་རྣམ་པ། དཔལ་རྒྱལ་དབང་ཀརྨ་པ་མཆོག ཨོ་སི་ཊི་ལི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་རྣམ་པ། སེར་སྐྱ་མི་མང་འདུ་འཛོམས་ཐོག་བོད་གཞུང་གི་གཞུང་ཞབས་ཞབས་ལོ་༢༥ འཁོར་བ་རྣམས་ལ་ལེགས་སྐྱེས་དང། གཞུང་ཞབས་ལས་དོན་གཟེངས་ཐོནཔ་གཉིས་ལ་གཟེངས་རྟགས་གནང་ཡོད་པ་རེད། དེ་རྗེས་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་ནས་འཚེ་མེད་བཞི་བའི་ལྟ་གྲུབ་དང་འབྲེལ་བའི་ལམ་སྟོན་གནད་ཆེ་གང་མང་ཕྱོགས་བསྒྲིགས་ཀྱི་<<དམིགས་བསལ་དྲན་གསོའི་བརྙན་དེབ་>>དང། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ནས་པར་སྐྲུན་བྱས་པའི་གསེ་རྟ་ཚུལ་ཁྲིམས་ཀྱིས་བརྩམས་པའི་<<གསེར་འོད་འཕྲོ་བའི་ཞབས་རྗེས>>།
སྐྱེས་སར་ཀླུ་སྒྲུབ་ལགས་ཀྱིས་བརྩམས་པའི་<<རྒྱ་གར་ནང་པའི་གནས་ཡིག་>>བཅས་བཀའ་བློན་ཁྲི་ཚབ་ཚེ་རིང་ཕུན་ཚོགས་མཆོག་གིས་དབུ་འབྱེད་གནང་ཡོད་པ་རེད། དེ་བཞིན་རྒྱ་གར་གྱི་ཨམར་ཨུ་ཇཱལ་ཞེས་པའི་གསར་ཁང་གི་གོ་སྒྲིག་འོག་རྒྱ་གར་ས་གནས་སློབ་ཕྲུག་རྣམས་ཀྱིས་ྋགོང་ས་མཆོག་གི་སྐྲུང་སྐར་ལ་འཚམས་ཞུའི་ཤིས་ཤོག་ཕུལ་བ་ཁག་བཀའ་བློན་ཁྲི་ཚབ་མཆོག་བརྒྱུད་ནས་ཕུལ་ཡོད་པ་དང། དེ་རྗེས་སློབ་གྲྭ་ཁག་གིས་གཞས་སྣ་འཁྲབ་སྟོན་སོགས་བྱས་ནས་མཛད་སྒོ་གྲོལ་ཡོད་པ་རེད།།
