༢ ༽ ངས་ཇོ་ཇོ་ལ་བླངས་པའི་རྒྱངས་གླུ།
ཇོ་ཇོ་ལགས། ཁྱེད་ཀྱིས་ང་ལ་སེམས་འཁྲལ་མ་བྱེད་རོགས།
ཇོ་ཇོ་ལགས། ང་རང་དེང་སང་གྲོད་ཁོག་ལྟོག་ཀྱིན་མི་འདུག
ང་མི་ཡུལ་ལ་འཁྱམ་ཞིང་།
ང་རྒྱངས་རིང་ལ་སོང་ཡང་།
༧ གོང་ས་ཡིད་བཞིན་ནོར་བུས་གསོ་སྐྱོང་བྱས་བྱུང་།
གོང་ས་ཡིད་བཞིན་ནོར་བུས་གསོ་སྐྱོང་བྱས་བྱུང་།
ཇོ་ཇོ་ལགས། ཁྱེད་ཀྱིས་ང་ལ་སེམས་འཁྲལ་མ་བྱེད་རོགས།
ཇོ་ཇོ་ལགས། ང་རང་དེང་སང་ལུས་པོ་འཁྱག་ཀྱིན་མི་འདུག
ང་ཕ་མ་དང་གྱེས་ཤིང་།
ང་ཇོ་ཇོ་དང་བྲལ་ཡང་།
དཔལ་ལྡན་བོད་གཞུང་གིས་བདག་སྐྱོང་བྱས་བྱུང་།
དཔལ་ལྡན་བོད་གཞུང་གིས་བདག་སྐྱོང་བྱས་བྱུང་།
ཇོ་ཇོ་ལགས། ཁྱེད་ཀྱིས་ང་ལ་སེམས་འཁྲལ་མ་བྱེད་རོགས།
ཇོ་ཇོ་ལགས། ང་རང་དེང་སང་མིག་ཆུ་ཤོར་་ཀྱིན་མི་འདུག།
ང་ཕ་ཡུལ་ནས་བུད་ཅིང་།
ང་ཁེར་རྐྱང་དུ་འཁྱམ་ཡང་།
རིགས་མཐུན་སྤུན་ཟླ་ཚོས་བྱམས་སྐྱོང་བྱས་བྱུང་།
རིགས་མཐུན་སྤུན་ཟླ་ཚོས་བྱམས་སྐྱོང་བྱས་བྱུང་།
ཇོ་ཇོ་ལགས། ཁྱེད་ཀྱིས་ང་ལ་སེམས་འཁྲལ་མ་བྱེད་རོགས།
སེམས་འཁྲལ་མ་བྱེད་རོགས།
༢༦ ་༧ ་༢༠༠༩ ཉིན་ལྡི་ལི་རྒྱལ་ས་ནས་བྲིས།།