ཏུན་ཧོང་བོད་ཡིག་ཡིག་རྙིང་པར་སྐྲུན།

ད་དུང༌། དག་སྒྲིག་དང་པར་སྐྲུན་ལས་དོན་བདེ་བླག་ངང་སྤེལ་བཞིན་ཡོད་ཅིང༌། ད་ལྟའི་བར་དེབ་སྔོན་མ་༨པར་དུ་བསྐྲུན་ཚར་བ་དང༌། ༢༠༡༠ལོའི་ལོ་མཇུག་བར་དུ་དེབ་༡༥ཡོད་པ་ཚང་མ་པར་སྐྲུན་ལེགས་གྲུབ་བྱེད་རྒྱུ་རེད།
དེ་ལས་གཞན། <<དབྱིན་ཇིར་ཡོད་པའི་ཏུན་ཧོང་བོད་ཡིག་ཡིག་རྙིང༌།>> གི་ དེབ་དང་པོ་དེ་ད་ལོར་པར་དུ་སྐྲུན་བཞིན་ཡོད་ལ། དབྱིན་ཇིར་ཡོད་པའི་ཏུན་ཧོང་བོད་ཡིག་ཡིག་རྙིང་ལ་ཁྱོན་བསྡོམས་དེབ་༡༥ཡོད་པ་དེ་ དག་ལོ་བཞིའི་དུས་ཚོད་སྤྱད་ནས་དག་སྒྲིག་དང་པར་སྐྲུན་བྱེད་རྒྱུ་རེད་ཅེས་བརྗོད་འདུག
དུས་རབས་ཉི་ཤུ་བའི་དུས་འགོར། ཏུན་ཧོང་ནས་སངས་རྒྱས་སྟོང་སྐུའི་བྲག་ཕུག་དང་ཆོས་དཔེའི་བྲག་ཕུག་སོགས་རྙེད་ རྗེས། གནའ་རབས་ཀྱི་ཡིག་རྙིང་རྩ་ཆེན་དང་རིག་དངོས་ཁྲི་ཕྲག་ལྷག་ལོ་བཅུ་ཙམ་གྱི་རིང་ དབྱིན་ཇི་དང་ཧྥ་རན་སི། འཇར་པན། ཨུ་རི་སི། འཇར་མན་སོགས་སུ་གྱར་བ་རེད། བསྡོམས་རྩིས་ལྟར་ན། ཏུན་ཧོང་གི་ཆོས་དཔེའི་བྲག་ཕུག་ལས་ཕྱིར་གྱར་བའི་ཡིག་ཚགས་ཡོད་ཚད་ཀྱི་ནང་དུ་ བོད་ཡིག་གི་ཡིག་ཚགས་༡༠༠༠༠ ཙམ་ཡོད་པ་དང༌། གྲངས་འབོར་དེ་ཕལ་ཆེར་རྒྱ་ཡིག་གི་ཡིག་ཚགས་དང་མཚུངས་པ་རེད་བཅས་འཁོད་འདུག  །