ས་སྐྱ་ྋགོང་མ་མཆོག་བྷེལ་ཀོབ་ཏུ་ཆིབས་བསྒྱུར།

    དེ་ཡང་ཟླ་འདིའི་ཚེས་༡ ཉིན་ྋགོང་མ་བདག་ཁྲི་རིན་པོ་ཆེ་མཆོག་སིང་ག་པུར་ནས་བྷེང་ལོར་དུ་གནམ་ཐོག་ནས་ཞབས་སོར་འཁོད་ཅིང༌། ཚེས་༣ ཉིན་གྱི་ཕྱི་དྲོ་བྷེལ་ཀོབ་ས་དགོན་བརྩེ་ཆེན་ཆོས་འཁོར་གླིང་དུ་ཆིབས་བསྒྱར་བཀའ་དྲིན་སྐྱོང་སྐབས་བྷེལ་ཀོབ་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང༌། སེར་སྐྱ་མི་མང་བཅས་ཕེབས་བསུ་ཞུས་ཡོད་པ་རེད། ཟླ་འདིའི་ཚེས་༥ ཉིན་ྋགོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ཚོགས་མགོན་དུ་བཞུགས་ནས། སྐྱབས་རྗེ་ཁྲི་འདུ་རིན་པོ་ཆེ་སྐུ་ཕྲེང་བཞི་པ་གསེར་ཀླུ་ལྡིང་སྤྲུལ་སྐུ་འཇམ་དབྱངས་ལུང་རྟོགས་རྒྱལ་མཚན་མཆོག་གི་ཡང་སྲིད་ངག་དབང་ཀུན་དགའ་ཆོས་ཀྱི་རྒྱལ་མཚན་མཆོག་ཁྲི་སྟོན་མཛད་སྒོ་གནང་རྒྱུ་དང༌།  ཚེས་༦ ནས་༡༥ བར་ཀྱེ་རྡོར་བཀའ་དབང་དང་ཀུན་རིག་བཀའ་དབང། ཚེ་དབང་སོགས་བཀའ་དྲིན་མཛད་འཆར་རྣམ་གྲུབ་རྗེས་བྷེང་ལོར་བརྒྱུད་ཚེས་༡༦ ཉིན་གནམ་ཐོག་ནས་རྡི་ལིར་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་རེད། མེ་སོར་གསར་འགོད་པས།