ྋགོང་ས་མཆོག་གི་མཛད་འཕྲིན།
ྋགོང་ས་མཆོག་ཡུ་རོབ་ཁུལ་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་ནས། ཐོག་མར་པཱོ་ལན་ཌི་རྒྱལ་ཁབ་དང་དེ་ནས་འཇར་མན་བཅས་སུ་ཕེབས་རྗེས་ཟླ་འདིའི་ཚེས་༣ ཉིན་སུད་སི་རྒྱལ་ཁབ་ཏུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང༌། སུད་སི་བོད་གཞུང་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་འགྲུབ་ལགས་གཙོས་པའི་ཆིབས་བསྒྱུར་གོ་སྒྲིག་གནང་མཁན་ནང་པའི་ཆོས་ཚོགས་དང༌། ས་གནས་བོད་མི་རྣམས་ནས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་རེད། ཐེངས་འདིའི་ཆིབས་བསྒྱུར་སྐབས་སུད་སི་གཞུང་འབྲེལ་གྱི་དཔོན་རིགས་སུའང་མཇལ་འཕྲད་གནང་རྒྱུ་མིན་པ་དང༌། གཙོ་བོ་ཆོས་ཕྱོགས་ཀྱི་མཛད་འཕྲིན་གཅིག་པུ་ཡིན་སྐོར་གསར་ལམ་ཁག་ནས་གནས་ཚུལ་སྤེལ་ཡོད་པ་རེད།།