བོད་མི་ཞིག་འཛིན་བཟུང།
གཡང་སྒམ་ནང་ནས་ྋགོང་ས་མཆོག་གི་སྐུ་པར་ཐོན་པ་སོགས་གཞུང་བཞེས་བཏང་ཡོད་འདུག ད་ལྟའི་ཆར་ཁོང་རྒུ་ཚ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང།ནང་མི་དང་སྤུན་མཆེད་ལ་ཐུག་འཕྲད་བྱེད་བཅུག་མེད་པ་རེད། ཁོང་འཛིན་བཟུང་བྱེད་དགོས་དོན་ནི། ས་ག་ཟླ་བའི་ཚེས་༡༥ ཕྱི་ཟླ་༦ ཚེས་༧ ཉིན་ལྷ་སར་མི་མང་གིས་མཆོད་འབུལ་ཞུ་སྐབས། རྒྱལ་ས་ལྷ་སའི་ཁྲོམ་གཟིགས་ཁང་གི་འགྲམ་དུ་ཁམས་ཕྱོགས་ཀྱི་ཚོང་པ་གཙོ་བོར་གྱུར་བའི་བོད་མི་༢༠༠ ཙམ་འདུ་འཛོམས་ཀྱིས་བོད་གོས་གྱོན་ཞིང༌། ལྷ་རྒྱལ་ལོ་ཟེར་བའི་འབོད་སྒྲ་སྒྲོག་བཞིན་མཆོད་འབུལ་བྱེད་སྐབས། རྒྱ་གཞུང་གིས་བཀག་འགོག་བྱས་པ་དང། མི་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་རེད། ཕྱི་ཟླ་༦ པའི་ཚེས་༩ ཉིན་མི་ཁག་ཅིག་འཛིན་བཟུང་བྱས་པའི་ཁོངས་སུ་བསོད་ནམས་དངོས་གྲུབ་ཀྱང་འཛིན་བཟུང་བྱས་པ་ཞིག་ཡིན་པ་དང། ད་དུང་ལོ་སྔོན་མའི་ཡར་ལངས་ལས་འགུལ་གྱི་ཁྲོད་དུའང་ཁོང་མཉམ་ཞུགས་བྱས་ཡོད་པའི་དོགས་གཞི་ཡོད་པ་རྒྱ་གཞུང་གིས་བརྗོད་ཡོད་འདུག །
