སི་པན་རྒྱལ་ཁབ་ཏུ་བོད་པས་རྔམ་སྟོན་ཁྲོམ་སྐོར།

བོད་ཀྱི་ཆབ་སྲིད་བཙོན་པ་དོན་གྲུབ་དབང་ཆེན་གྱིས་གཙོས་པའི་བཙོན་པ་ཡོངས་གློད་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་ཡོད་པའི་སྐོར། ནོར་ཝེ་རླུང་འཕྲིན་ཁང་དུ་སི་པན་བོད་ཁང་གི་འགན་འཛིན་གཞོན་པ་ངག་དབང་སྟོབས་རྒྱལ་ལགས་ཀྱིས་འགྲེལ་བརྗོད་བྱས་ཡོད་པ་རེད། ལས་འགུལ་དེ་སི་པན་བོད་ཁང་དང་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ཀྱིས་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང། ལས་འགུལ་དེར་ཚང་མས་བོད་ཀྱི་རྒྱལ་དར་དང། ཆབ་སྲིད་བཙོན་པ་དོན་གྲུབ་དབང་ཆེན་གྱི་འདྲ་པར་ཐོགས་ནས་མི་མང་ཁྲོད་དུ་བོད་ཀྱི་གནས་ཚུལ་ངོ་སྤྲོད་བྱས་ཡོད་འདུག  །