ྋགོང་ས་མཆོག་གི་གསུང་འཕྲིན།
ལྕམ་ཨང་སན་སུ་ཅི་བཙོན་འཇུག་བཀག་ཉར་གྱི་དུས་ཡུན་ཕར་འགྱངས་བཏང་ཡོད་པར་ངོས་ལ་ཧ་ཅང་གི་སྐྱོ་སྣང་ཆེན་པོ་སྐྱེས་བྱུང༌། ངོས་ནང་པའི་རྗེས་འཇུག་ཞིག་ཡིན་པའི་ཆ་ནས། སླར་ཡང་འབར་མའི་དབང་འཛིན་པ་ཚོར་རེ་སྐུལ་གཅིག་ཞུ་འདོད་པ་ནི། བློ་རྒྱ་ཆེན་པོ་དང་བསམ་ཤེས་ཡངས་པོའི་ཐོག་ནས་མོ་རང་གློད་གྲོལ་གཏོང་དགོས་པ་དང༌། གློད་གྲོལ་དེ་འདུམ་སྒྲིག་བྱེད་རྒྱུའི་ཕྱོགས་ལ་ལེགས་སྐྱེས་ཕུལ་བ་ཙམ་མིན་པ། དེ་ནི་སེམས་བཟང་གི་རྣམ་པ་ཞིག་ཀྱང་རེད་ཅེས་གསུངས་ཡོད་པ་རེད།།