གངས་ལྗོངས་ཀྱི་ཕོ་རྒོད།
ལྷང་ལྷང་དུ་གསལ་བའི་བཀའ་ཁྲི་རེད།
ལྟོས་དང་་་་་་་ལྷག་བསམ་གྱི་རླབས་ཕྲེང་དཀར་ཞིང་དྲི་མ་མེད་ལ།
ལེགས་གྲུབ་ཀྱི་ཞབས་རྗེས་ནི།
རྒྱ་བོད་ཀྱི་འབྲེལ་ལམ།
དཔལ་འབྱོར་གྱི་བང་མཛོད།
མཐུན་སྒྲིལ་གྱི་ཞི་བདེ།
ཉོན་དང་་་་་་་ཁོང་གི་དྲིལ་འགྱུར་གྱི་ཁུག་སོ་རེ་རེ་ན།
མི་རིགས་ལ་གདམས་པའི་འབྱུང་འགྱུར་གྱི་ལྡིག་མིག་རེ་རེ།
ཀྱེ་་་་འདི་ནི་རང་བཞིན་གྱི་བཀའ་ཁྲི་དཀྱུས་མ་ཞིག་མ་ཡིན་ཏེ།
སྐྱེས་རབས་ནས་སྐྱེས་རབས་བརྒྱུད་པའི་རྒྱལ་སྲས།
ཞུམ་པ་དང་འཇིགས་པ་མེད་པའི་སྙིང་སྟོབས།
གཟི་བརྗིད་དང་མཚན་དཔེ་འབར་བའི་གཟུགས་སྐུ།
འདི་ནི་་་་མི་རབས་གསར་པ་རྣམས་ཀྱི་མིག་དཔེ་དུ་གྱུར་པའི་བཀའ་ཁྲི་རེད།འདི་ནི་་་་དུས་རབས་ཉི་ཤུའི་རྩ་གཅིག་པའི་གཞོན་ནུ་རྣམས་ཀྱི་སློབ་དཔོན་ཏེ།ཤེས་བྱའི་ནམ་འཕང་གཅོད་པའི་ཁྱུང་ཆེ།
དགྲ་གཉེན་ཕྱོགས་ལས་རྒྱལ་བའི་དཔའ་རྒོད།
ཀྱེ་ཀྱེ་་་ཟམ་གདོང་ཡ་ཟམ་གདོང་།
བཀའ་ཁྲི་ཡ་བཀའ་ཁྲི།
ཁྱེད་ལ་ཕྱི་ནང་སངས་གསུམ་ལས་རྒྱལ་བའི་སྙིང་སྟོབས།
དངོས་ལྐོག་བརྒྱུད་གསུམ་ལ་ཉམས་པ་མེད་པའི་ཟིལ་ཤུགས།
སྐད་རིགས་སྣ་ཚོགས་ལ་སྨྲ་བའི་གསུང་དབྱངས།
རེད་ལགས།
དཀོན་གསུམ་ལ་དད་པའི་བླ་མ།
ལམ་གསུམ་དུ་རྒྱུ་བའི་དྲང་སྲོང་།
སླབ་གསུམ་གྱི་གཙང་བའི་འདུལ་འཛིན།
ཆོལ་གསུམ་གྱིས་བཀུར་བའི་མི་དབང་།
ངོ་མ་་་་ཁྱེད་ཐུགས་ཀྱི་ལྷ་ལམ་ཡངས་པོ་ནས།
བདེན་སྟོབས་ཀྱི་ཉི་འོད་རེ་འཕྲོས་དུས།
ངའི་སེམས་ཁོངས་ཀྱི་འདབ་མ་རེ་རེ་ན།
བདེ་སྐྱིད་ཀྱི་ཟེའུ་འབྲུ་རེ་རེ།
བཀའ་ཁྲི་ཡ་ཟམ་གདོང་།
ཁྱེད་ནི་ལོ་རྒྱུས་ཀྱི་མི་སྣ་དང་།
འབྱུང་འགྱུར་གྱི་ལམ་འདྲེན།
ཁྱེད་ཀྱི་དྲི་མ་བྲལ་བའི་ཞབས་རྗེས་རེ་རེའི་ནང་།
བྱེས་འབྱོར་གྱི་བོད་མི་རེ་རེའི་སེམས་དོན་མཚོན་ཡོད།
ཁྱེད་ཀྱི་གཟི་བརྗིད་འབར་བའི་ཉམས་འགྱུར་རེ་རེའི་ནང་།
གཞུང་འབྲེལ་གྱི་མི་སྣ་རེ་རེའི་བླ་སྲོག་ཚུད་ཡོད།
ཁྱེད་མེད་ན་་་་་་རྒྱ་བོད་ཀྱི་འགག་སྒོ་སུ་ཡིས་ཕྱེ།
ཁྱེད་མེད་ན་་་་་་བང་མཛོད་སྟོང་པ་དེ་སུ་ཡིས་འགེང་།
ཁྱེད་མེད་ན་་་་་བག་མེད་ཀྱི་རྒྱ་སྒོ་ཡངས་པོ་དེ་སུ་ཡིས་བརྒྱབ།
ཁྱེད་མེད་ན་་་་་རྐུན་མ་དང་ཇག་པ་་་་་ད་དུང་་་་་་་་་་་་་་་་་་་་་།