དུས་ཀྱི་དགོད་པའི་རང་སྒྲ།

 དེང་དུས་དཔེ་གསར་གྱི་བླ་སློབ།།

དམ་ཚིག་དངུལ་སྒོར་གྱི་མདུད་པ།།

བཅིངས་པས་ཉམས་ཐག་གི་སེམས་ཅན།།

མགོན་སྐྱབས་གང་ན་ཞིག་འཚོལ་དགོས།།

 

མཐུ་སྟོབས་མཁའ་དབྱིངས་སུ་འཕུར་བའི། །

དཔའ་ཆེན་གྲུབ་ཐོབ་ཀྱི་རྣམ་ཐར། །

མ་ནོར་གདམས་ངག་གིས་གང་ཡང་། །

འཇིག་རྟེན་མི་ཆོས་དང་མཐུན་འདུག །

 

ལོ་ཤས་བྲག་ཕུག་ཏུ་ཉལ་བའི། །

དེང་དུས་སྔགས་འཆང་གི་མཚན་འཛིན། །

རིག་མ་རིག་རིག་ཏུ་བསྟེན་ནས། །

རྣམ་ཐར་བྱེ་ཕྲུག་གིས་སྐྱོངས་སོང་། །