རྒྱ་གཞུང་གི་སྐྱག་རྫུན་ཟློས་གར།

པོ་ཏཱ་ལ་སོགས་སུ་མཆོད་མཇལ་དུ་འགྲོ་བ་བཅས་གུ་ཡངས་ཀྱི་རྣམ་པ་སྟོན་ཐབས་ཀྱི་འཁྲབ་སྟོན་རྫུན་མ་ཞིག་བྱས་ཡོད་སྐོར་དང། གྲོས་ཚོགས་ཀྱི་འཐུས་མི་རྣམས་གཟིགས་སྐོར་དུ་ཕེབས་སྐབས་ཧ་ཅང་དམ་དྲག་བྱས་པ་དང། གསང་བའི་མི་སྣ་སོགས་སྒྲིག་འཛུགས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་རང་འདོད་ངང་མི་མང་དཀྱུས་མ་རྣམས་དང་ལྷན་དུ་སྐད་ཆ་ཤོད་པའི་གོ་སྐབས་རྩ་བ་ནས་བྱུང་མེད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད། ཁོང་གིས་ད་དུང་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་ཀྱི་གནས་སྟངས་ཡག་པོ་མེད་པའི་སྐོར་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་ཤོད་འདོད་ཡོད་ཚུལ་ཡང་བརྗོད་འདུག  །