གཞོན་ནུ་མ་བརྒྱད་ཀྱིས་དགོན་པའི་མདུན་ཐང་དུ་མཛེས་མའི་ཆགས་ཉམས་ངོམས་པ།

ཁ་དོག་དམར་པོའི་ས་གདན་Tརྟགས་ཅན་གྱི་གར་སྟེགས་སྟེང་དུ་གཞོན་ནུ་མ་བརྒྱད་པོའི་ལུས་ལ་བཀྲག་མདངས་འཚེར་བའི་ཆས་གོས་དམར་པོ་དང་སྔོན་པོ་དཀར་པོ་ནག་པོ་བཅས་གོན་ཏེ་ཧྲོའོ་ལིའི་དགོན་པའི་ཁོར་ཡུག་ལ་སྔར་མེད་པའི་ཡིད་པའི་དབང་འཕྲོག་ཤིང་གསོན་ཉམས་ཤིག་དོད་པའི་ཁྱད་ཆོས་ཤིག་མངོན་ཡོད་འདུག།མཛེས་མ་ཚང་མའི་གཟུགས་པོའི་རིང་ཚད་ལ་༡༧༠cmཡན་ཡིན་པ་དང་ལུས་སྟེང་དུ་བཏགས་པའི་འཕྲེད་དར་དཀར་པོའི་སྟེང་དུ་༼ཡུལ་སྐོར་ཕོ་ཉའི་མཚན་སྙན།   མཚན་མོ་གཅིག་ལ་ཐོབ་པར་བྱེད༽ཅེས་པའི་ཡི་གེ་བྲིས་ཡོད་པ་དང་།   གཞོན་ནུ་མ་ཚོའི་ཁྱད་མཚར་བའི་ཆས་གོས་དང་ཉམས་དོད་པའི་སྒྱུ་རྩལ་བཅས་ལ་བརྟེན་ནས་མི་དམངས་དང་ཡུལ་སྐོར་མང་པོས་ལྟད་མོ་ལ་གཡེང་འདུགམཛེས་མ་འདི་དག་ནི་སྤྱིར༢༠༠༩་ལོའི་འཛམ་གླིང་ཡུལ་སྐོར་ཕོ་ཉའི་མཛེས་མ་མགྲན་བསྡུར་སྟེང་གི་མཐའ་མའི་མཇུག་བསྡོམ་མགྲན་བསྡུར་བ་རྒྱ་ནག་གི་ཧུའུ་པན་ས་ཁུལ་གྱི་ཤོག་ཁག་ཡིན་པ་དང་།  ཁྱོན་བསྡོམས་ཆུ་ཚོད་ཕྱེད་ཀ་ཙམ་ལ་དགོན་པའི་མདུན་ཐང་དུ་འཁྲབ་སྟོན་བྱས་འདུག    དེའི་ནང་དུ་མཚེ་མ་གཞོན་ནུ་མ་སྤུན་གཉིས་ཀྱི་སྒེག་ཉམས་ཀྱིས་ལྟད་མོ་བ་ཚང་མའི་མིག་དབང་འཕྲོག་ཡོད་པ་རེད།དེའི་རྗེས་སུ་དྲ་གྲོགས་ཤིག་གིས་པར་དེ་དྲ་ཐོག་ཏུ་བཀོད་དེ་དགོན་པའི་ཞི་འཇམ་གྱི་ཁོར་ཡུག་ནང་དུ་ཆགས་ཉམས་ཀྱི་འཁྲབ་སྟོན་བྱེད་པར་སྐྱོན་བརྗོད་བྱས་འདུག་པས་མི་མང་པོས་དེ་སྐོར་ལ་རང་རང་གི་བསམ་ཚུལ་བཀོད་དགོན་པའི་སྐོར་ལ་བགྲོ་གླེང་ཤུགས་ཆེན་བྱུང་འདུག  གསར་འགོད་པས་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན།  ཐེངས་འདིའི་འཁྲབ་སྟོན་གྱི་གཙོ་སྐྱོང་མཁན་ནི་རིག་གནས་ཁྱབ་བསྒྲགས་ཀྱི་ལས་ཁུངས་ཤིག་ཡིན་པ་དང་ལས་ཁུངས་དེའི་ལས་བྱེད་ཤིག་གིས་བཤད་པ་ལྟར་ན།   ཁོང་ཚོའི་དམིགས་ཡུལ་ནི་ཁོར་ཡུག་གི་མཛེས་ལྗོངས་གཅིག་པོའི་ཆེད་དུ་ཡིན་པ་ལས་གཞན་རྒྱུ་མཚན་ཐ་ཤལ་རིགས་གང་ཡང་མེད་ལུགས་བརྗོད་ཡོད་པ་དང་། གསར་འགོད་པས་འབྲེལ་ཡོད་ཀྱི་ལས་ཁུངས་ལ་ཆོག་མཆན་ཞུས་ཡོད་མིན་སྐོར་གྱི་སྐད་ཆ་དྲིས་སྐབས།   ཁ་ཐུག་སོང་ཏེ་འཁྲབ་སྟོན་བྱས་པ་ཞིག་ཡིན་པ་ལས་འབྲེལ་ཡོད་ཀྱི་སྡེ་ཚན་གང་ལའང་ཆོག་མཆན་ཞུས་མེད་ལུགས་འདུག།གནད་དོན་འདིའི་སྐོར་ལ་དགོན་པ་དེའི་ཕྱི་འབྲེལ་འགན་འཛིན་གྱིས་དྲི་བར་ལན་འདེབས་གནང་སྐབས།  འཁྲབ་སྟོན་དེ་ནི་དགོན་པའི་ཕྱིའི་ཁོར་ཡུག་ཏུ་བྱུང་བ་ཞིག་ཡིན་པས་དགོན་པ་དང་འབྲེལ་བ་རྩ་བ་ནས་མེད་པ་དང་།   ཕྱིའི་ཁོར་ཡུག་གི་ཉོ་ཚོང་དང་ལས་འགུལ་གང་ཞིག་ཡིན་ཀྱང་ཡུལ་སྐོར་དོ་དམ་པས་ལས་འགན་ཡིན་པ་ལས་དགོན་པ་དང་འབྲེལ་མེད་པ་དང་།   དགོན་པའི་ནང་ལོགས་ནི་སངས་རྒྱས་ཀྱི་ཆོས་བྱེད་སའི་ཁོར་ཡུག་ཡིན་པས་གལ་ཏེ་དེ་ལ་གནས་ཚུལ་འདྲ་བྱུང་ན་ང་ཚོས་ངོས་ནས་ཐག་བཅད་བྱ་དགོས་ཤིང་།དགོན་པའི་ཉེ་འགྲམ་ཁོར་ཡུག་ཏུ་གཞན་དག་གིས་ཇི་ཞིག་བྱེད་ཀྱང་ང་ཚོ་ལ་ཐབས་ཤེས་མེ་ལུགས་བཤད་ཡོད་འདུག།