རྒྱ་དཀར་ནག་གི་ས་མཚམས་ཀྱི་རྙོག་གླེང་།
རྒྱ་གར་ཕྱི་སྲིད་བློན་ཆེན་ཁྲ་ཁི་ནིའི་ཞི་ན་ཡིས་ཁ་སང་གསར་འགོད་གསར་བསྒྲགས་སྤེལ་ཡོད་པ་དང་དོན་དག་དེའི་སྐོར་ལ་རྒྱ་གར་གྱི་ལངས་ཕྱོགས་གསལ་པོར་བསྟན་ཡོད་པ་རེད།རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཁུ་ནི་ཞི་ན་ཡིས་ཕྱིན་ཆད་རྒྱ་གར་གཞུང་གིས་ཚོར་ཤུགས་རྣོ་བའི་ས་ཁུལ་ཁག་གི་དར་སྤེལ་གྱི་མ་དངུལ་ཡོངས་རྗོགས་རྒྱ་གར་གཞུང་རང་ཉིེད་ཀྱིས་ཐག་བཅད་བྱེད་པ་ལས་རྒྱལ་སྤྱིའི་ཚོགས་སྡེ་ལས་གྲུབ་པའི་མ་དངུལ་ཐེབས་རྩ་གང་ལའང་རོགས་སྐྱོར་དང་གཡར་ལེན་ཞུ་འཆར་མེད་པ་མ་ཟད་ཚོར་ཤུགས་རྣོ་བའི་ས་ཁུལ་ཁག་ལ་གཅིག་མཚུངས་ཀྱིས་རྒྱ་གར་རང་ཉིད་ཁེར་རྐྱང་གིས་དར་སྤེལ་བཏང་འཆར་ཡིན་པ་རེད། ད་དུང་ཁོས ། རྒྱ་སྤྱིའི་མ་དངུལ་རོགས་སྐྱོར་དེ་ནམ་རྒྱུན་རྒྱུ་རྐྱེན་གསལ་པོ་མེད་པ་དང་རྩ་བའི་ཆ་རྐྱེན་མ་འདང་བའི་་ཕྱོགས་སུ་ཁ་ཤོར་བ་དའི་སྐོར་ལ་རྒྱ་གར་གཞུང་ངོས་ནས་བློ་ཕམ་ཡོད་པར་བསྟན་ཡོད་པ་དང་། ང་ཚོ་རང་ཉིད་ཀྱི་མ་དངུལ་བཏང་དེ་གནས་དོན་འདི་ཐག་བཅད་བྱེད་པའི་བློ་སྟོབས་ཆ་ཚང་ཡོད་ཅེས་བཤད་ཡོད་པ་རེད། ཉེ་སྔོན་གྱི་དོན་དག་འདི་འབྱུང་རྐྱེན་གཙོ་བོ་ཡང་རྒྱ་གར་གཞུང་གིས་རྩོད་གཞི་ཅན་གྱི་ས་ཁུལ་ཨ་རུའུ་ན་ཅ་སོགས་ཀྱི་དར་སྤེལ་མ་དངུལ་ཆེད་དུ་ཨེ་ཤ་ཡའི་ADBདངུལ་ཁང་ལ་སྙན་ཞུ་ཞིག་ཕུལ་བའི་ནང་ཨ་རུའུ་ན་ཅའི་རྨང་གཞིའི་འཛུགས་བསྐྲུན་ལག་བསྟར་མ་དངུལ་གྱི་དགོས་ངེས་ཀྱི་ཆ་རྐྱེན་ཁག་གི་ནང་དུ་ས་ཁུལ་དེའི་ཆུ་ལོག་དོ་དམ་ལས་རིགས་དང་རང་བྱུང་ཁོར་སྲུང་སྐྱོབ འཕྲོད་བསྟེན་སོགས་ཀྱི་ཕྱོགས་སུ་སྤྱོད་རྒྱུ་ཡིན་པར་འཁོད་ཡོད་པ་དང་། རྒྱ་ནག་གིས་དེར་ངོ་རྒོལ་བྱེད་ཡོད་པ་རེད།
