གྲོས་ཚོགས་འཐུས་མིའི་གཟིགས་སྐོར།

དེ་བཞིན་ྋརྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་མཇལ་འཕྲད། བཀའ་བློན་ཁྲི་པ་མཆོག་དང་བཀའ་བློན་གཞན་རྣམས་མཇལ་འཕྲད། སྤྱི་འཐུས་ཚོགས་གཙོ་མཆོག་དང་སྤྱི་འཐུས་རྒྱུན་ལས་རྣམས་ལ་མཇལ་འཕྲད་གནང་རྒྱུ་ཡིན་པ་མ་ཟད། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་སྐུ་ཚབ་ཁག་དང། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྡེ་ཚན་འདྲ་མིན་དུ་གཟིགས་སྐོར་གནང་རྒྱུ་ཡིན་པ་རེད། དེ་རྗེས་ཕྱི་དྲིལ་ལས་ཁུངས་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་ཀྱང་སྐོང་འཆར་ཡོད་པ་རེད།།