གཞས་པ་གཡའ་དྭངས་ཀྱིས་བོད་ཀྱི་རིག་གནས་དྲ་བ་དང་མཉམ་ལས།

གཞས་པ་གཡའ་དྭངས་ཀྱིས་བོད་ཀྱི་རོལ་མོའི་སྒྱུ་རྩལ་གྱི་ཁྱབ་ཁོངས་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་པར་མ་ཟད། པེ་ཅིན་གློག་བརྙན་སློབ་གླིང་ནས་ལོ་ངོ་གཅིག་རིང་གི་ཆེད་ལས་འཁྲབ་ཁྲིད་པའི་ཟབ་སྦྱོང་ལས་ཀ་ལེགས་འགྲུབ་བྱུང་ནས། རང་ཉིད་གློག་བརྙན་པ་ཞིག་ཏུ་འགྱུར་རྒྱུའི་ཕུགས་འདུན་ཡང་མངོན་འགྱུར་བྱས་ཡོད་པ་རེད་འདུག  གཡའ་དྭངས་ཀྱིས་དངོས་སུ་མི་སྒེར་གྱི་ཆེས་ཐོག་མའི་གློག་བརྙན་གྱི་འཆར་འགོད་དང་ཇུས་འགོད། འཁྲབ་གཞུང་། དྲིལ་བསྒྲགས་བཅས་ཀྱི་ཐད་ཆེད་དུ་ལན་ཀྲུའུ་གྲོང་ཁྱེར་དུ་སོང་ནས་བོད་ཀྱི་རིག་གནས་དྲ་བ་དང་མཉམ་ལས་ཀྱི་འབྲེལ་བ་བཟུང་བ་ཞིག་ཡིན་འདུག
གཡའ་དྭངས་ཀྱིས་རང་གི་ནུས་ཤུགས་ཡོད་ཚད་མི་སྒེར་གྱི་ཆེས་ཐོག་མའི་གློག་བརྙན་བྱ་བའི་སྟེང་འདོན་རྒྱུ་དང་ཆབས་ཅིག བོད་ཀྱི་རོལ་མོ་དང་སྒྱུ་རྩལ་འཁྲབ་སྟོན་གྱི་ཕྱོགས་ལ་མུ་མཐུད་དུ་ལས་གཞི་སྤེལ་རྩིས་ཡོད་ཅིང་། གཞན་ཁོ་རང་གི་ཆེས་ཐོག་མའི་བོད་བརྒྱུད་ནང་བསྟན་གྱི་རོལ་མོའི་ཆེད་སྒྲིག་བརྙན་འཁོར་ཡང་སྒྲུབ་ཚར་གྲབས་ཡོད་པ་རེད་འདུག །
མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་དྲ་བ་ནས་བཤུས།