མོན་གྷོ་རུ་དགུ་པའི་ཉེར་བདུན་དུས་དྲན།
ཟླ་འདིའི་ཚེས་༢༧ ཉིན་གྱིི་དགོང་དྲོ་འདི་ག་མོན་གྷོ་ས་གནས་གཞོན་ནུ་དང་བུད་མེད་གཉིས་ཀྱིས་གོ་སྒྲིག་འོག དགུ་བའི་ཉེར་བདུན་དུས་དྲན་སྲུང་རྩིའི་ཆེད་མར་མེའི་ཁྲོམ་སྐོར་ཞིག་བྱས་ཡོད་པ་དང་། མོན་གྷོ་གཞིས་གྲོང་ཁག་དགུའི་མི་མང་འདུ་འཛོམས་ཀྱིས་བོད་ནང་ཕྱི་ཟླ་༩ ཚེས་༢༧ གྱི་དོན་རྐྱེན་འོག་རྒྱ་ནག་དམར་གཞུང་གིས་བོད་མི་བསད་རྡུང་བཅོམ་གསུམ་ཐེབས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་མྱ་ངན་གུས་འདུད་ཞུས་ཡོད་པ་དང་། དེ་བཞིན་ས་གནས་གཞོན་ནུའི་ཚོགས་གཙོ་ཕུན་ཚོགས་ཚེ་རིང་ལགས་ཀྱིས་གསུང་དོན། ད་ལྟའི་བོད་ནང་གི་རྒྱལ་གཅེས་སྤུན་ཟླ་ཚོའི་ལུས་སེམས་ཀྱི་དཀའ་ངལ་དང་མནར་གཅོད་ཡོངས་མྱུར་དུ་ཞི་ཆེད་ང་ཚོས་འབད་བརྩོན་ལྷོད་མེད་གནང་དགོས་སྐོར་གྱི་གསུང་བཤད་གནང་ཡོད་པ་རེད།
མོན་གྷོ་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས་ཀྱིས།