ཁམས་པའི་གཉེན་སྟོན་བཀྲ་ཤིས་གཡང་འཁྱིལ།

དགའ་ཁྲི་འདུ་ནས་ཕབ་ལེན་བྱས་པའི་གློག་བརྙན་དེ་ལ་མཚོན་ན་ཁུལ་དེའི་གཉེན་སྲོལ་ནི་ས་ཁུལ་དེའི་རིག་གནས་ཀྱི་མཚོན་བྱེད་ཅིག་ཡིན་ཞེས་བརྗོད་ཆོག་ལ། གཉེན་སྲོལ་དེ་བརྒྱུད་ནས་ཁམས་ས་ཁུལ་གྱི་སྤྱི་ཚོགས་རིག་གནས་གསོན་ཉམས་ལྡན་པའི་ངང་མཐོང་ཐུབ་པ་རེད།  ཁམས་ཕྱོགས་ས་ཁུལ་གྱི་གཉེན་སྲོལ་རིག་གནས་ཆ་ཚང་ཞིག་སྟོན་པའི་ཆེད་དང་། དུས་མཚུངས་སུ་སྒྲ་བརྙན་གྱི་ཐོག་ནས་མི་རིགས་ཀྱི་དམངས་སྲོལ་རིག་གནས་མཆོག་ནོར་སྲུང་སྐྱོབ་ཀྱི་ཆེད་དུ། མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་དང་ཁྲི་འདུ་རྫོང་སྲིད་གཞུང་གཉིས་ཀྱིས་མཉམ་འབྲེལ་ངང་ཁྲི་མདོའི་གཉེན་སྲོལ་སྐོར་གྱི་དངོས་བྲིས་གློག་བརྙན་དེ་ཕབ་སྐྲུན་བྱས་པ་ཡིན་ཚུལ་ཡང་བརྗོད་འདུག

གློག་བརྙན་དེ་དང་ཐོག་ཀྱི་དགའ་རོགས་སྒྲིག་པ་ནས་གཉེན་འདུམ་བྱེད་པ་དང་། མནའ་མ་བསུ་བ། གཉེན་སྟོན་བཤམས་པ་ལ་སོགས་པའི་གཉེན་སྟོན་གྱི་གོ་རིམ་ཆ་ཚང་བརྙན་དུ་ཕབ་ལེན་བྱས་ཡོད་པ་དང་། ༢༠༡༠ ལོའི་བོད་ཀྱི་ལོ་གསར་སྐབས་སུ་གློག་བརྙན་དེ་དངོས་སུ་ལྟད་མོ་བའི་མིག་གི་དགའ་སྟོན་དུ་འབུལ་རྒྱུ་རེད།