བོད་ནང་དུ་ཕག་ཆམ་གྱིས་མི་ཞིག་གྲོངས་པ།

ཟླ་འདིའི་ཕྱི་ཚེས་༦ ཉིན་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་ཟེར་བས་རྒྱ་ནག་དབུས་གཞུང་ལ། H1N1ཆམ་རིམས་ཀ་པ་ཕོག་ནས་གྲོངས་ཡོད་ཚུལ་སྙན་སེང་ཞུས་ཡོད་པ་རེད།  རྒྱ་ནག་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་དེར་བསྐྱར་ཞིབ་བྱས་པ་ལས་ནད་རྟགས་དེ་ཡིན་པ་བསྐྱར་དུ་ཐག་ཆོད་གསལ་པོ་བྱས་ཡོད་པ་རེད། རྒྱ་ནག་གཞུང་གིས་ལོ་འདིར་བོད་རང་སྐྱོང་ལྗོངས་ཀྱི་ནང་དུ་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཡོད་པ་དང༌། དེ་ལ་བརྟེན་ནས་དཔལ་འབྱོར་གྱི་ཡོང་འབབ་ཡོད་ཚུལ་བརྗོད་པ་ལས། ནད་ཡམས་འདི་རིགས་དར་ཁྱབ་འགྲོ་མིན་བསམ་བློ་གཏན་ནས་བཏང་མེད། ཕྱི་ཟླ་༡༠ ཚེས་༤  ཉིན་མི་གཅིག་གྲོངས་ནས་སྙན་སེང་ཞུས་ཚུལ་རྒྱ་ནག་གི་གསར་ལམ་ཁག་ཏུ་གསལ་ཡོད་ཀྱང༌། དོན་དོན་དངོས་གྲོངས་ཚད་དེ་ལས་མང་བ་དུས་རྒྱུན་རྒྱ་ནག་གི་བྱེད་སྟངས་ལ་བརྟེན་ནས་ར་སྤྲོད་བྱེད་ཐུབ་པ་ཞིག་རེད། ན་ཚ་འདི་རིགས་བོད་ཀྱི་ས་ཁུལ་དུ་ཁྱབ་ཡོད་པ་མ་ཟད། སློབ་གྲྭ་ཁག་ཅིག་གི་ནང་དུའང་ཁྱབ་ཡོད་པ་སྔོན་མ་ནས་ར་སྤྲོད་བྱུང་ཡོད་ཀྱང༌། དྲུག་ཅུའི་དགའ་སྟོན་ཟེར་བ་ལ་ཁ་གཡར་ནས་ད་བར་སྔོན་འགོག་གི་ལས་དོན་བསྒྲུབ་མེད་པ་རེད། གསར་འགྱུར་ཁག་ཅིག་ནང་དུ་སྙན་སེང་ཞུས་པའི་ཉིན་དེ་རང་སྔོན་འགོག་གི་སྨན་ཁབ་ཁྲི་༢༠ བསྐྱལ་ཡོད་ཚུལ་བརྗོད་ཡོད་ནའང༌། ཕག་འཆམ་དེ་དེ་འགོས་ཁྱབ་བྱུང་ཟིན་པ་ཡོངས་གྲགས་སུ་གྱུར་ཟིན་པ་རེད༎