ཁམས་སྐད་ཀྱི་བརྙན་འཕྲིན་སྲུང་སྐར།
དེ་ནི་རྒྱ་ནག་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་ཆོག་མཆན་སྤྲད་པ་ཞིག་ཡིན་ཚུལ་བཤད་འདུག
ཟི་ཁྲོན་ཁུལ་ནི་བོད་རིགས་མང་པོ་ཡོད་སའི་ས་ཆ་ཞིག་ཡིན་པ་དང། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང། རྔ་པ་བོད་རིགས་རང་སྐྱོང་ཁུལ་གཉིས་ཡོད་པ་མ་ཟད། བོད་གཞས་ཀྱི་འབྱུང་ཁུངས་སུ་གྲགས་པའི་འབའ་གཞས་ཀྱི་ལྟེ་གནས་སོགས་བོད་ཀྱི་ཐུན་མིན་རིག་གནས་ངོ་མཚར་ཅན་མང་པོ་ཡོད་པ་རེད།།
