གཉན་ནད་རེག་དུག་གི་ཉེན་ཁ།

ཚོགས་ཐོག་ཏུ་བཀའ་སློབ་ལམ་སྟོན་གནང་མཁན་ས་གནས་བོད་གཞུང་འཕྲོད་བསྟེན་འགན་འཛིན་སྤེན་པ་བླ་གྲང་དང་སྨན་ཞབས་སྐྱིད་འཛོམ།དེ་བཞིན་བོད་གཞུང་འཕྲོད་བསྟེན་ལས་ཁུང་གིས་གཉན་ནད་རེག་དུག་གི་ཁེ་ལས་བ་བསྟན་འཛིན་དར་རྒྱས་དང་ས་གནས་འཕྲོད་བསྟེན་སྨན་ཁང་གི་སྨན་པ་བསྟན་འཛིན་ནོར་བཟང་བཅས་ཕེབས་ཡོད་པ་དང། སྨན་ཞབས་སྐྱིད་འཛོམ་ལགས་ཀྱིས་བོད་ལུགས་གསོ་རིག་ཐོག་ནས་གཉན་ནད་རེག་དུག་འདི་ལ་སྔོན་འགོག་ཇི་ལྟར་བྱེད་དགོས་སྐོར་གྱི་ལམ་སྟོན་གསུང་བཤད་གནང་བ་དང༌། དེ་བཞིན་བསྟན་འཛིན་ནོར་བཟང་ལགས་ཀྱིས་གཉན་ནད་རེག་དུག་སྐོར་གྱི་གློག་བརྙན་གཟིགས་འབུལ་དང་སྦྲགས་ཚན་རིག་ཐོག་ནས་འགྲེལ་བཤད་གནང་དོན། གཉན་ནད་རེག་དུག་གི་ནད་དེ་བརྒྱ་ཆ་དགུ་བཅུ་ཕོ་མོ་ལུས་འབྲེལ་ལས་བྱུང་གི་ཡོད་སྐོར་དང༌། དེ་སྔོན་འགོག་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་བྱེད་དགོས་པ་རེད།གལ་སྲིད་ནད་དེ་འགོས་ཚར་བ་ཡིན་ན་སོ་སོ་དུས་ཡུན་གང་འཚམས་རིང་འཚོ་ཐབས་ལ་འབད་བརྩོན་བྱེད་དགོས་སྐོར་ཐོག་ལམ་སྟོན་གནང་བ་དང་ཆབས་ཅིག་བསྟན་པ་དར་རྒྱས་ལགས་ཀྱིས་གཉན་ནད་རེག་དུག་གི་སྐོར་གསུང་དོན།   ད་སྐབས་གཉན་ནད་རེག་དུག་གིས་ན་ཟིན་པའི་ནད་པ་དེ་ཚོ་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་མི་ཉན་པ་མ་ཟད་གང་ཐུབ་ཀྱི་བྱམས་སྐྱོང་བྱེད་དགོས་སྐོར་དང༌། བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་ནད་པ་གང་དེའི་དངོས་མང་གསང་བའི་ཐོག་ནས་དུས་ཡུན་གང་འཚམས་འཚོ་ཕྱིར་ཉིན་རེའི་སྨན་དང་དེ་བཞིན་སྨན་ཁང་གང་ཞིག་ལ་འགྲོ་བའི་ལམ་སྒྲོན་ཧིན་སྒོར་༡༨༠ རེ་སྤྲོད་ཀྱི་ཡོད་སྐོར་དང༌། མ་ཟད་ནད་པ་ཚབ་ཆེན་ཡིན་ན་ནད་གཡོག་དང་བཅས་པར་ལམ་སྒྲོན་རོགས་རམ་བྱེད་ཀྱི་ཡོད་སྐོར་གསུང་སོང༌།