ཆོས་སྲིད་གཉིས་ལྡན་ཞིག་དགོས།

<!– /* Font Definitions */ @font-face {font-family:SimSun; panose-1:2 1 6 0 3 1 1 1 1 1; mso-font-alt:宋体; mso-font-charset:134; mso-generic-font-family:auto; mso-font-pitch:variable; mso-font-signature:3 135135232 16 0 262145 0;} @font-face {font-family:”@SimSun”; panose-1:2 1 6 0 3 1 1 1 1 1; mso-font-charset:134; mso-generic-font-family:auto; mso-font-pitch:variable; mso-font-signature:3 135135232 16 0 262145 0;} @font-face {font-family:”Monlam Uni OuChan1″; panose-1:1 1 1 0 1 1 1 1 1 1; mso-font-charset:0; mso-generic-font-family:auto; mso-font-pitch:variable; mso-font-signature:-1593820537 268509258 64 0 -2147417601 0;} /* Style Definitions */ p.MsoNormal, li.MsoNormal, div.MsoNormal {mso-style-parent:””; margin:0in; margin-bottom:.0001pt; mso-pagination:widow-orphan; font-size:12.0pt; font-family:”Times New Roman”; mso-fareast-font-family:SimSun;} p {mso-margin-top-alt:auto; margin-right:0in; mso-margin-bottom-alt:auto; margin-left:0in; mso-pagination:widow-orphan; font-size:12.0pt; font-family:”Times New Roman”; mso-fareast-font-family:SimSun;} @page Section1 {size:8.5in 11.0in; margin:1.0in 1.25in 1.0in 1.25in; mso-header-margin:.5in; mso-footer-margin:.5in; mso-paper-source:0;} div.Section1 {page:Section1;} –>

ངས་དེ་རིང་འདིར་གླེང་བར་བྱ་བ་ནི་ས་སྟེང་གི་མི་ཡོངས་རྫོགས་ལ་སྐད་གཅིག་དང་ཡི་གེ་གཅིག་ལས་མི་དགོས་པའི་བསམ་ཚུལ་འབྲི་རྒྱུ་ཡིན། གལ་ཏེ་འཛམ་གླིང་གི་མི་ཡོད་དོ་ཅོག་ལ་སྐད་གཅིག་དང་ཡི་གེ་གཅིག་མ་གཏོགས་མེད་ན་ང་ཚོ་མི་ཚང་མས་བྱ་བ་གང་ཞིག་སྒྲུབ་དགོས་ཀྱང་ཧ་ཅང་གི་ལས་སླ་བོ་ཞིག་ཏན་ཏན་ཡིན་གྱི་རེད། འཛམ་གླིང་གི་མི་ཡོངས་རྫོགས་སྐད་ཡིག་གཅིག་གྱུར་བྱུང་བའི་དུས་དེ་ནས་བཟུང་འགྲོ་བ་མིའི་སྤྱི་ཚོགས་ཀྱི་འབྲེལ་ལམ་ཐག་ཉེ་རུ་འགྲོ་རྒྱུ་དང་། ཆོས་ལུགས་དང་རིག་གནས་དར་སྤེལ་ལ་ཡང་ཕན་ཐོགས་ཆེན་པོ་ཡོང་ངེས་རེད། ང་ཚོ་འགྲོ་བ་མི་ཞིག་ཡིན་ཕྱིན་ཆད་ལུང་ཚན་རེ་ལ་སྐད་ཡིག་རེ་ཡོད་ན་དགེ་མཚན་ཅི་ཞིག་ཡོད་དེ་ཅི་ཡང་མེད་པར་འདོད། ཕན་ཐོག་གང་ཡང་མེད་པའི་ཁར་གནོད་ཚབ་ཆེན་པོ་ཡིན་པ་བོད་སྐད་གཅིག་པུ་ལ་བསམ་ན་ཡང་རྒྱ་ཆེ་ས་ནས་མདོ་དབུས་ཁམས་གསུམ། ཆུང་ས་ནས་ཁམས་པ་གཅིག་པུ་ལ་ཡང་སྐད་རིགས་འདྲ་མི་འདྲ་སྣ་ཚོགས་ཡོད་ཀྱང་ཕན་ཐོགས་ཡོད་པ་མཐོང་གི་མེད་པ་དཔེར་ན། སི་ཁྲོན་ཁམས་སྐད་ཀྱི་བརྙན་འཕྲིན་གསར་བ་ད་ལོ་ ༢༠༠༩ སྤྱི་ཟླ་བཅུ་ ༡༠ པའི་ནང་ནས་མགོ་འཛུགས་རྒྱུ་ཡིན་མོད། ཁམས་པ་ནང་ཁུལ་ལ་འབྲོག་སྐད་རོང་སྐད་ཀྱིས་མཚོན་པའི་སྐད་རིགས་མི་འདྲ་བ་མང་པོ་ཡོད་པས་བརྡ་འཕྲོད་པ་ལ་དཀའ་ངལ་ཡོད་པ་ནང་བཞིན་རེད། དེས་ན་ང་ཚོ་བོད་པ་ལ་མཚོན་ན་བོད་ཡོངས་རྫོགས་ལ་ཁྱབ་པའི་གཅིག་གྱུར་གྱི་སྐད་མེད་པར་བརྟེན་་དཀའ་ངལ་ག་ཚོད་འདུག ཨ་མདོ་དང་ཁམས་པའི་མི་ཞིག་ཐོག་མར་ལྷ་སར་སླེབས་སྐབས་སྐད་གོ་བརྡ་མི་འཕྲོད་པའི་དབང་གིས་རྒྱ་མིའི་སྐད་བཤད་དགོས་ཐུག་གི་ཡོད་པ་རེད། སྔོན་མ་ཨ་མདོ་བ་ཞིག་ལྷ་སར་སླེབས་ཏེ་ལྷ་སའི་མི་ཞིག་དང་སྐད་ཆ་གོ་བརྡ་མ་འཕྲོད་པར་བརྟེན་དབྱིན་ཇི་བ་ཨམ་སྐད་དང་དབུས་སྐད་གཉིས་ཀ་ཤེས་མཁན་ཞིག་གིས་ལོ་ཙཱ་བ་བྱེད་ཀྱིན་འདུག་ཟེར། འདི་ལྟ་བུའི་གནས་ཚུལ་ལ་་བསམ་བློ་བཏང་ཚེ་བོད་པ་ཙམ་དུ་མ་ཟད་འཛམ་གླིང་གི་མི་ཡོངས་རྫོགས་ལ་སྐད་གཅིག་དང་ཡི་གེ་གཅིག་མ་གཏོགས་དགོས་པ་མེད་པ་ལ་ངེས་ཤེས་སྐྱེ་ཡོང་། ཡིན་ན་ཡང་འཛམ་གླིང་གི་མི་ཡོངས་རྫོགས་སྐད་ཡིག་གཅིག་གྱུར་ཡོང་བ་ལ་བཀག་རྡོ་ཆེ་ཤོས་རྒྱ་གར་དང་རྒྱ་ནག་གིས་མཚོན་པའི་མི་འབོར་ཆེ་བའི་རྒྱལ་ཁབ་དང་མི་རིགས་འདི་ཚོ་རེད། འདི་ཚོས་ནམ་ཡང་འགྲོ་བ་སྤྱིའི་བདེ་སྐྱིད་ལ་བསམ་བློ་་མི་གཏོང་བར་ཨུ་ཚུགས་དང་རང་མཐོང་བྱེད་རྐྱང་བྱེད་ཀྱི་རེད། འདི་ཚོས་སའི་སྟེང་གི་མི་རབས་ཕྱི་མ་ཕྱི་མ་ཚོའི་མདུན་ལམ་ལ་བསམ་ཤེས་མི་བྱེད་པར་རྙིང་ཞེན་གྱི་འདུ་ཤེས་ལས་གྲོལ་མ་ཐུབ་པའི་དབང་གིས་འགྲོ་མི་ཡོངས་རྫོགས་ལ་དཀའ་ངལ་སྤྲད་ཀྱིན་ཡོད་པ་རེད།