ཡིད་སྐྱོའི་གནས་ཚུལ།

གདན་ས་བཀྲ་ཤིས་ལྷུན་པོའི་སྔགས་ཆེན་ཞལ་སྔ་ནས་རྗེ་བཙུན་བློ་བཟང་ཆོས་གྲགས་དཔལ་བཟང་པོ་མཆོག་ཟླ་འདིའི་ཚེས་༡༣ ཉིན་ལྷ་སར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཡོད་པ་དང། ཁོང་རྒྱ་ནག་གིས་རིག་གསར་སྐབས་བཙོན་འཇུག་བྱས། ༡༩༨༥ ལོར་༸པཎ་ཆེན་སྐུ་ཕྲེང་བཅུ་པས་སྔགས་ཆེན་དུ་བསྐོ་བཞག་གནང་བ་ནས་གདན་སའི་བཤད་སྒྲུབ་ཀྱི་ཁུལ་ལོ་མང་བཞེས། རྗེས་སུ་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་མེད་དགེ་འདུན་ཆོས་ཀྱི་ཉི་མ་ཡིན་པར་གསུངས་ནས། རྒྱ་གཞུང་གིས་སྔགས་པ་གྲྭ་ཚང་གི་ཁྲི་ཐོག་ནས་ཕྱིར་ཕུད་དང། ལྷ་སར་བཀག་ཉར་བྱས། པཎ་ཆེན་ཆུང་སྲིད་བཙོན་དུ་མ་བཅུག་སྔོན་ཁོང་དང་མཇལ་འཕྲད་གནང་རྒྱུའི་གོ་སྐབས་ཡང་བྱུང་ཡོད་པའི་གནས་ཚུལ་འབྲེལ་ཡོད་ཀྱིས་ཁྱབ་བསྒྲགས་བྱས་ཡོད་པ་རེད།།