བོད་རིག་པའི་ཞིབ་འཇུག་མཁའ་ལྡིང་གཤོག་ཟུང།

འོལ་གླིང་ལ་དྭོགས་པ་འགོད་མཁན་བྱུང་བའི་སྐོར། གཡུང་དྲུང་བོན་ལུགས་དང་འཇང་རིགས་གཏོ་པའི་ཆོས་ལུགས། བོན་དང་འབྲེལ་བའི་རིག་གནས་སྐོར། ཤིང་རྟའི་སྲོལ་འབྱེད་ཁག་དང་འབྲེལ་བའི་སྐོར། བོན་གྱི་འདུལ་བའི་ལོ་རྒྱུས་སྐོར། བླ་ཆེན་ལ་བོན་པོས་ངོས་འཛིན་བྱེད་སྟངས། བླ་ཆེན་ལ་བན་དྷེས་ངོས་འཛིན་བྱེད་སྟངས། ནུབ་ཕྱོགས་སུ་བོན་ཞིབ་འཇུག་བྱུང་ཚུལ་བཅས་ཡོད་འཁོད་ཡོད་པ་དང། བོད་མི་རིགས་ཀྱི་རུས་རྒྱུད་ཚན་ཁག་སྐོར་ལ་དཔྱད་པ་ཞེས་པའི་ལེ་ཚན་ནང་བོད་མི་ རིགས་ཀྱི་ཐོག་མའི་འབྱུང་ཁུངས་སོགས་ཀྱི་སྐོར་དང། ལོ་ཆེན་བཱཻ་རོའི་ཡང་སྲིད་གཏེར་ཆེན་བདེ་ཆེན་གླིང་པའི་རྣམ་ཐར་ལ་ཞིབ་འཇུག་ཅེས་ པའི་ལེ་ཚན་གཏེར་སྟོན་བདེ་ཆེན་གླིང་པའི་སྐོར། མཁའ་ཀློང་གསང་མདོས་ལ་དཔྱད་པའི་གཏམ་སྐྱ་རེངས་གསར་པ་ལས་གནད་ཡོད་ཅག་ཅིག་ཟུར་ དུ་ཕྱུང་བ་ཞེས་པའི་ལེ་ཚན་ནང་མདོས་ཀྱི་ངོ་བོ་དང་དབྱེ་བ་སོགས་ཀྱི་སྐོར་འཁོད་ ཡོད་པ་རེད།།