དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པས་གསར་མཇལ།
༸གོང་ས་མཆོག་ནས་རིན་པོ་ཆེ་མཆོག་གིས་ད་བར་བསྟན་དང་འགྲོ་བའི་དོན་དུ་སྐུ་ངལ་ཚད་མེད་བསྐྱོན་གནང་མཛད་ཡོད་པ་མ་ཟད། ད་དུང་དགའ་ལྡན་ཁྲི་པའི་མཚན་ཐོག་ནས་དེ་ལས་ལྷག་པའི་མཛད་འགན་བཞེས་ཐུབ་པའི་ཐུགས་རེ་ཡོད་སྐོར་གསུངས་པ་དང༌། རིན་པོ་ཆེ་མཆོག་གི་གསོལ་དཔོན་ནས་ཀྱང་ད་བར་རིན་པོ་ཆེར་ཞབས་ཞུ་ལྷོད་མེད་བསྒྲུབས་སོང་བ་ལ་བཀའ་དྲིན་ཆེ་ཞེས་གསུངས་གནང་སོང༌བ་བཅས་ཀྱི་གནས་བསྡུས་སུ།