བོད་ཡིག་གི་མ་ལག་ཡོད་པའི་ལག་འཁྱེར་ཁ་པར།
དེས་མི་འགྱངས་པར་བོད་ཁུལ་ཡོངས་སུ་བོད་ཡིག་དེ་ཉིད་རྒྱ་ཡིག་དང་འདྲ་བར་ ལག་ཁྱེར་ཁ་པར་སོགས་ཀྱི་ཁྱབ་ཁོངས་སུ་བེད་སྤྱོད་བྱེད་ཐུབ་པ་ཞིག་ཆགས་ཀྱི་ཡོད་སྐོར་བཤད་འདུག ཐེངས་འདིའི་ལག་ཁྱེར་ཁ་པར་གྱི་བོད་ཡིག་བརྡ་འཕྲིན་ལག་རྩལ་ཞིབ་འཇུག་དང་གསར་ གཏོད་ལས་གཞིའི་ཁོངས་སུ་ལག་ཁྱེར་ཁ་པར་བོད་ཡིག་ཅན་དུ་བསྒྱུར་བ་དང་། བོད་ཡིག་འཕྲིན་ཐུང་བསྐུར་བའི་མ་ལག་སོགས་ནང་དོན་གལ་ཆེན་ཚུད་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག
