ང་རྒྱ་གར་གྱི་བུ་ཞིག་རེད།

ཟླ་འདིའི་ཚེས་༡༩ ནས་ཉིན་བཞིའི་རིང་ལྷན་ཚོགས་དེ་ལྡི་ལིར་འཚོགས་ཡོད་པ་དང། ལྷན་ཚོགས་དེའི་ལྷན་ཚོགས་དེའི་ཐོག་རྒྱལ་ཁབ་བཅུ་བཞིའི་སྐུ་ཚབ་སོགས་ཚོགས་ཞུགས་པ་བརྒྱ་ལྷག་འཛོམས་ཡོད་པ་རེད།
༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། ཨ་མི་རི་ཁའི་ཨིན་མའོ་རུའུ་གཙུག་ལགས་སློབ་གྲྭ་ཆེན་མོ་དང། ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོ་གཉིས་ཀྱིས་ང་ལ་ཆེས་མཐོའི་སློབ་དཔོན་ཆེན་མོའི་མཚན་གནས་སྤྲད་ཡོད་པ་རེད། སློབ་གྲྭ་དེ་གཉིས་ཀར་ངའི་ལས་ཀ་དེ་གཟི་བརྗིད་ལྡན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་མོད། དོན་དངོས་ཐོག་ང་ཕུགས་རེ་མེད་པའི་སློབ་དཔྱོན་ཞིག་རེད། སློབ་དཔོན་གྱི་མིང་ཡོད་པའི་ཆ་ནས་ལེགས་སྦྱར་དེ་འདྲ་བཤད་རྒྱུའི་དུས་ཚོད་ང་མེད་པ་དང། ང་མི་ལེ་ལོ་ཅན་ཞིག་ཡིན་པས། འཛིན་གྲྭ་དེ་འདྲའི་ནང་ལས་སོགས་ཀྱི་གྲ་སྒྲིག་རྩ་བ་ནས་བྱེད་ཐུབ་ས་མ་རེད། སྒོམ་རྒྱག་པ་དེ་འདྲ་ཡིན་ན། ངས་ཆུ་ཚོད་བཞི་ལྔ་དེ་འདྲ་ལ་བྱེད་ཐུབ་ཀྱི་རེད། ཡིན་ནའང་སློབ་ཁྲིད་བྱེད་རྒྱུའི་ནང་སྦྱོང་དེ་འདྲ་ངས་བྱེད་ཐུབ་ས་མ་རེད་ཅེས་བཤད་པ་ཡིན། དེ་རིང་ཁྱེད་རང་ཚོས་ང་ལ་འགོ་ཁྲིད་བྱེད་རྒྱུའི་རེ་བ་ཞིག་བྱེད་ཀྱི་ཡོད་པ་རེད། དེ་ངས་གཟི་བརྗིད་ལྡན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ང་ལེ་ལོ་ཅན་གྱི་འགོ་ཁྲིད་ཅིག་མ་གཏོགས་ཡོང་གི་མ་རེད་བསམ་གྱི་འདུག་མོད། ངས་ཁྱེད་རང་ཚོས་བཟང་པོའི་ལས་ཀ་དེར་ཕན་ཐོགས་ཡོད་ན་གང་ཡོང་ཅི་ཡོང་གིས་ཞབས་འདེགས་ཞུ་རྒྱུ་ཡིན། ངས་དངོས་སུ་གྷན་དྷི་མཆོག་མཇལ་མྱོང་མེད་ནའང། ཁོང་དང་མཉམ་དུ་ཕྱག་ལས་གནང་མཁན་རྒྱ་གར་གྱི་རང་དབང་འཐབ་རྩོད་པ་མང་པོ་ཞིག་དང་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་བྱུང་བས། གྷན་དྷི་ཡི་ལྟ་གྲུབ་དང། ཁོང་ཚོའི་སྙིང་སྟོབས་ལ་ཡིད་རང་བསྔགས་བརྗོད་ཀྱི་ཚོར་སྣང་བྱུང། ཕན་ཐོགས་བྱུང་ན་ང་རང་གི་ངོས་ནས་གང་ཡོང་ཅི་ཡོང་བྱེད་རྒྱུ་ཡིན་ང་(ད་ལྟ་ཁྱེད་རང་ཚོའི་འགོ་ཁྲིད་རེད་ཅེས་གསུངས་པར། ཚོགས་ཞུགས་པས་དགའ་བསུའི་ཐལ་མོ་བསྡབས་ཡོད་པ་རེད།) ཞེས་སྐབས་གསུངས་ཡོད་པ་རེད།
༧གོང་ས་མཆོག་གིས་རྒྱ་གར་གྱི་མང་གཙོའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་རིག་གཞུང་དེ་གཞོན་སྐྱེས་ཚོས་རྒྱུད་འཛིན་བྱེད་དགོས་སྐོར་གསུངས་པ་དང། ཡང་མགོན་པོ་གང་ཉིད་ཀྱིས་མུ་མཐུད་གསུང་དོན། ང་རྒྱ་གར་གྱི་བུ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། དང་པོ་ངའི་ཤེས་བྱའི་གཞི་རྩ་དེ་རྒྱ་གར་ནས་བྱུང་བ་དང། གཉིས་པ་ངས་མི་ལོ་ལྔ་བཅུའི་རིང་རྒྱ་གར་གྱི་ཟས་ཟོས་ཡོད་པས། ང་རྒྱ་གར་གྱི་བུ་ཞིག་ཆགས་པ་རེད་ཅེས་བཀའ་སོགས་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད།།འ

ང་རྒྱ་གར་གྱི་བུ་ཞིག་རེད།
བདག་ཉིད་ཆེན་པོ་གྷན་དྷི་མཆོག་རྒྱ་གར་རང་སྲིད་རང་སྐྱོང་གི་ལས་འགུལ་འགོ་འཛུགས་གནང་ནས་ལོ་བརྒྱ་འཁོར་བའི་རྗེས་ཀྱི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་མཇུག་བསྡོམས་ཐོག་༧གོང་ས་མཆོག་གདན་འདྲེན་ཞུས་ཡོད་པ་དང། སྐབས་དེར་༧གོང་ས་མཆོག་ལ་རྒྱལ་སྤྱིའི་གྷན་དྷི་ལས་འགུལ་གྱི་དབུ་ཁྲིད་གནང་དགོས་པའི་འབོད་སྐུལ་ཞུས་པ་བཞིན། ༧གོང་མཆོག་གིས། ང་ལེ་ལོ་ཅན་གྱི་འགོ་ཁྲིད་ཅིག་མ་གཏོགས་ཡོང་གི་མ་རེད་བསམ་གྱི་འདུག་མོད། ངས་ཁྱེད་རང་ཚོས་བཟང་པོའི་ལས་ཀ་དེར་ཕན་ཐོགས་ཡོད་ན་གང་ཡོང་ཅི་ཡོང་གིས་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་བཀའ་གནང་ཡོད་པ་རེད།