བོད་ཀྱི་གཞས་པ་བསམ་ཁོས་གློག་བརྙན་འཁྲབ་པ།
བསམ་ཁོས་བརྗོད་པ་ལྟར་ན། ང་རང་གློག་བརྙན་ལ་དགའ་ཞེན་ཆེན་པོ་ཡོད་ལ། སྒྱུ་རྩལ་གྱི་རང་བཞིན་ལྡན་པའི་གློག་བརྙན་ལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་དང་བོད་ཀྱི་རིག་གནས། བོད་མིའི་ངང་རྒྱུད་བཟང་པོ་སོགས་ངོ་སྤྲོད་ཡག་པོ་བྱེད་ཐུབ་པ་དང་། དེ་མ་ཟད། བོད་ལྗོངས་སུ་གློག་བརྙན་གྱི་རྒྱུ་ཆ་ཕུན་སུམ་ཚོགས་པ་ཡོད་པ་དེ་དག་ཚང་མ་འཁྲབ་ཁྲིད་པ་ཕུལ་དུ་བྱུང་བ་མང་པོས་མུ་མཐུད་དུ་དོ་ཁུར་དང་སྔོག་འདོན་བྱེད་དགོས་ཞེས་དང་། རྗེས་ཕྱོགས་སུ་བོད་མི་མང་པོ་ཞིག་གིས་བོད་དང་འབྲེལ་བའི་གློག་བརྙན་ནང་ཞུགས་ནས་འཁྲབ་སྟོན་བྱེད་རྒྱུ་དང་། བོད་ཀྱི་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་ཕུལ་དུ་བྱུང་བ་མང་པོ་ཞིག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་འབྱུང་བའི་རེ་བ་བྱེད་བཞིན་ཡོད་ཅེས་འགྲེལ་བརྗོད་བྱས་འདུག 
བསམ་ཁོ་ནི་བོད་མདོ་སྨད་ནས་ཡིན་པའི་ན་གཞོན་གླུ་པ་ཞིག་ཡིན་པ་དང། ཁོང་གིས་ད་བར་དུ་ཆེད་བསྒྲིགས་འོད་སྡེར་གསུམ་ཙམ་བཟོས་པ་མ་ཟད། བོད་ཀྱི་སྤྱི་ཚོགས་ཁྲོད་དུ་དགའ་བསུ་མི་དམན་པ་ཐོབ་ཡོད་པ་རེད།།
