ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་མཛད་སྒོ།
འདི་ནི་རྒྱ་གར་ནས་བོད་པའི་གཞིས་ཆགས་ཁག་ནས་ལོ་རེ་བཞིན་འབྱོར་བཞིན་པའི་ད་ལོའི་ལོ་འདིར་སླེབས་པའི་སོ་ནམ་སློབ་སྤྱོང་བ་དེ་དག་གི་བཟོས་པའི་དུས་དྲན་མཛད་སྒོ་ཚོགས་ཡུལ་གྱི་རྣམ་པ་དངོས་རེད།
གར་སྟེགས་འགྲམ་གྱི་མགྲོན་པོ་དག་ལ་གྲ་སྒྲིག་བྱས་པའི་རྐུབ་སྟེགས་གཡར་མ་ཡིན། མགྲོན་པོ་མི་ཉུང་བ་ཞིག་གིས་ཁོང་ཚོས་འཁྲབ་སྟོན་བྱེད་རྒྱུར་སྒུག་བཞིན་པའི་རྣམ་པ་རེད།
སོ་ནམ་སློབ་སྤྱོང་གི་ཞོར་དུ་ལས་ཀ་བྱེད་བཞིན་པའི་སློབ་མ་ལྔ་བཅུ་འདི་རུ་ཡོད་ལ། ཁོང་ཚོས་གཞས་སྣ་འཁྲབ་སྟོན་དང་གཏམ་བཤད་གྲུབ་རྗེས་སུ་ཚང་མའི་མགྲིན་གཅིག་དུ་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་ལེན་བཞིན་ཡོད་པ་རེད།
སྤུན་ཟླ་ཚོ། ཁོང་ཚོས་རང་རང་གི་ཉིན་གཅིག་གི་ལས་ཀའི་སྒོར་མོ་དང་འགྲོ་སོང་སོགས་ལ་བསམ་བློ་མ་བཏང་བར་འདུ་འཛོམ་འདི་འདྲ་ཞིག་བྱས་པ་དེར་ཁྱེད་ཅག་གི་ག་འདྲ་ཞིག་བསམ་གྱི་འདུག་ལགས། ལྷག་པར་དུ་ཁོང་ཚོ་ལ་བོད་ཀྱི་རྒྱལ་དར་ཞིག་དང་། དར་ལྕོག་ཆ་གཅིག་ལས་མེད་ཀྱང་། རང་རང་གི་ནང་གི་ཉལ་གདན་གཙང་མ་རེ་འཁུར་ནས་འོང་དེ་གར་སྟེགས་ཀྱི་རྒྱབ་ཡོལ་བཟོས་པ་རེད། ཁོང་ཚོ་ཚང་མས་རང་གི་ཕ་ཡུལ་གཏན་ནས་རིག་མྱོང་མེད་ཀྱང་། རང་གི་རྒྱལ་ཁབ་ལ་བཅིངས་པའི་ཤ་ཞེན་ནི་དངོས་ནས་ཟབ་མོ་རེད། ཁོང་ཚོ་ལ་རིགས་ཞེན་ཟབ་མོ་འདི་འདྲ་ཞིག་གང་ནས་སླེབས་པ་རེད་དམ། ཡིན་ཡང་། ཁོང་ཚོས་ནང་དུ་དབྱིན་ཡིག་དང་དབྱིན་སྐད་མི་ཤེས་མཁན་མེད་པ་ཡིན། འོན་ཀྱང་། ཡ་ང་བ་ཞིག་ལ་ཁོང་ཚོས་ནང་དུ་བོད་ཡིག་གི་སྟེང་ནས་འཕྲིན་ཡིག་ལེགས་པོ་ཞིག་འབྲི་ཐུབ་མཁན་ཡང་དཀོན་པོ་ཆགས་ཡོད་པ་རེད། རྒྱུ་མཚན་དངོས་ནས་དེ་ནི་ཁོང་ཚོ་ལ་ནོར་འཁྲུལ་ཡོད་པ་རེད་དམ། ཁོང་ཚོ་བསྐྱེད་སྲུང་བྱེད་མཁན་གྱི་ཕ་མ་དེ་དག་གི་ནོར་འཁྲུལ་ཆགས་ཡོད་པ་རེད།