ང་ཕོད་ངག་དབང་འཇིགས་མེད་མཆོག་སྐུ་གཤེགས་པ།
བོད་ལྗོངས་ཆ་འཕྲིན་ཞེས་པའི་དྲ་རྒྱའི་ཐོག་གནས་ཚུལ་འཁོད་དོན། ང་ཕོད་ངག་དབང་འཇིགས་མེད་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་ཁྱི(༡༩༡༠)ལོར་ཡུམ་ཧོར་ཁང་གི་སྲས་མོ་བྱམས་པ་ལགས་སུ་སྐུ་འཁྲུངས། ཆུང་དུས་ནས་བོད་ཀྱི་ཡིག་རྩིས་སོགས་ལ་སྦྱངས་པ་གནང། གྲོང་དྲག་དམག་གི་རུ་དཔོན་གྱི་འགན་བཞེས། ང་ཕོད་ཀྱི་གོ་དམག་ཏུ་ཕེབས་ཏེ་དེ་གའི་མིང་ཐོག་ནས་ཞབས་སྡོད་ཞུས་རྗེས་སྔ་རྗེས་སུ་བཤེར་དཔང་དང༌། རྩིས་དཔོན་ཐོག་ཞིབ་ཁང་དོ་དམ།
བཀའ་བློན་སོགས་ཀྱི་གོ་ས་བཞེས། མི་དམངས་བཅིངས་འགྲོལ་དམག་ཆབ་མདོར་འབྱོར་སྐབས་མདོ་སྨད་སྤྱི་ཁྱབ་པ་ཡིན། རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས(༡༩༥༡)ལོར་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་འཇོག་སྐབས་བོད་ས་གནས་སྲིད་གཞུང་གི་དབང་ཆ་ཚང་མ་ཡོད་པའི་སྐུ་ཚབ་གནང། བོད་ཞི་བས་བཅིངས་འགྲོལ་བྱུང་རྗེས་བོད་དམག་ཁུལ་ཁང་གི་སི་ལིང་ཡོན་གཞོན་པ་དང༌། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རབ་བྱུང་བཅུ་དྲུག་པའི་ས་ཕག(༡༩༥༩)་ ལོར་ཟིང་འཁྲུག་ལྷིང་འཇགས་བཏང་རྗེས་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང༌། ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་སོགས་དང༌། སྐབས་གསུམ་པ་དང་བརྒྱད་པ་དགུ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང༌།
སྐབས་བཞི་པ་ནས་སྐབས་བདུན་པ་བར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཨུ་ཡོན་ཀྲང་གཞོན་པ་སོགས་གནང་ཞིང༌། སྙུན་གཞི་ཕོག་ནས་༢༠༠༩ ལོའི་ཟླ༡༢ པའི་ཚེས༢༣ཉིན་གྱི་ཆུ་ཚོད་༡༦དང་སྐར་མ་༥༠སྟེང་པེ་ཅིང་དུ་སྐུ་གཤེགས་ཤིང༌། དགུང་ལོ་བརྒྱ་ལ་འཚོ་གཞེས་གནང་བ་རེད།
