སྨན་བླ་སྐྱབས་ཀྱི་དགོད་བྲོའི་གཏམ་གླེང་།

བོད་ཀྱི་བཞད་གད་ཟློས་གར་རམ་དགོད་བྲོའི་གཏམ་གླེང་མཁན་གྲགས་ཅན། སྒྱུ་རྩལ་པ་སྨན་བླ་སྐྱབས་ལགས་ཀྱི་བཞད་གད་ཟློས་གར་གྱི་ཆེད་བསྒྲིགས་གསར་པ་སྟེ། མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱི་ཉིས་སྟོང་བཅུ་ལོའི་བོད་ཀྱི་ལོ་གསར་དགོང་ཚོགས་ཀྱི་འཐུས་ཚབ་གར་ཆུང<<རོལ་མོ་བ་དང་གྱེར་འདོན་མཁན>>འདུས་ པའི་ཟློས་གར་ཚན་པ་དྲུག་ཡོད་པའི་སྐད་ཡིག་ཤན་སྦྱར་གྱི་(DVD) འོད་སྡེར་སྤུས་གཙང་ཅན་དེ་མི་རིང་བར་ཁྲོམ་རར་འདོན་རྒྱུ་ཡིན་པ་རེད། manla kyabབརྩམས་ཆོས་འདིའི་འཁྲབ་ཚིག་ཆ་ཚང་ནི་བོད་ཡིག་རྐྱང་རྐྱང་གིས་འཆར་ཐུབ་པས། མདོ་དབུས་ཁམས་གསུམ་ཐུན་མོང་གིས་མཉམ་རོལ་བྱེད་ཐུབ་པའི་དགེ་མཚན་གྱིས་ཕྱུག་པ་ཞིག་ཡིན་སྐོར་གསར་ལམ་ཁག་ནས་གནས་ཚུལ་སྤེལ་འདུག །