རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་སྒོ་བརྒྱབ་པ།

རྫོང་བོད་རིགས་སློབ་འབྲིང་དང་བོད་སློབ་ཆུང་གཉིས་ཕྱི་ལོ་༢༠༡༠ ཟླ་༠༡ ཚེས་༠༨ ཉིན་སློབ་མཚམས་འཇོག་དགོས་པའི་བཙན་བཀའ་བཏང་སྟེ་སློབ་གྲྭ་གཉིས་སྒོ་བརྒྱབ་ཡོད་འདུག སློབ་གྲྭའི་གུང་སེང་སྔ་སྣུར་དང་ཕྱིར་འགྱངས་གང་བྱེད་སློབ་གྲྭའི་ལས་ཁུངས་དབང་ཚད་ཡིན་ཡང། ད་ལམ་གཞུང་འབྲེལ་བཀའ་རྒྱའི་འོག་རྨ་ཆུ་རྫོང་བོད་སློབ་འབྲིང་དང་སློབ་ཆུང་སློབ་མཚམས་འཇོག་དགོས་པའི་ཁྲིམས་སྲོལ་གསར་པ་རྒྱ་ནག་གཞུང་གིས་བཏོད་ཡོད་འདུག།།