སྐྱེས་པ་ཚོས་ཞེད་སྣང་བྱེད་ཡུལ་གྱི་བུད་མེད་ཁག་བརྒྱད།


གཉིས་པ། མདུན་ནས་ཁྱོད་ལ་བསྟོད་ཅིང༌། ལྐོགས་ནས་ངན་བརྗོད་མང་པོ་བྱེད་མཁན་གྱི་བུད་མེད།

 

སྐྱེས་པ་ནི་བུད་མེད་ཀྱི་ཁ་དགའ་ངོ་ཡག་གི་གཏམ་དེ་ཚོར་མགོ་འཁོར་སླ་ཞིང༌། བུད་མེད་ཀྱིས་ཁོ་ལ་རྒྱབ་ངོས་ནས་ག་རེ་བྱེད་མིན་དེ་ཙམ་སྣང་བ་མི་བྱེད། ནམ་ཞིག་དོན་དངོས་རྟོགས་རྗེས་གཉིད་སད་པ་ལྟར་གྱུར་ཞིང༌། གདོང་ནས་དངུལ་ཆུ་འཛར་འཛར་གྱིས་ཀྱེ་ཧུད།བུད་མེད་འདི་དེ་འདྲ་གནག་པ་ལ། ཞེས་བརྗོད་སྲིད་པ་རེད།

 

གསུམ་པ། ཁ་བཤད་ཆུ་ཡི་ཝུ་བ་ལྟར་གཏམ་གླེང་ལ་བདག་པོ་མི་རྒྱག་མཁན་གྱི་བུད་མེད།


གལ་ཏེ་སྐད་ཆ་ག་རེ་ཡིན་ཡང༌། བུད་མེད་འདི་འདྲས་ཤེས་རྟོག་བྱུང་ནས། དེ་རྗེས་མི་ཡོངས་རྫོགས་ཀྱིས་ཤེས་ངེས་པ་ལྟར། བུད་མེད་འདིའི་རིགས་གསར་འགྱུར་བརྒྱུད་བསྒྲགས་ཐད་ཀྱི་ནུས་ཤུགས་གསར་པ་ཞིག་ཡིན་ལ། གསར་འགྱུར་ཁག་དང་འགྲན་བསྡུར་བྱེད་ནའང་ཆོགས་པ་ལྟར་རེད། སྐྱེས་པ་ཚོས་གཟབ་གཟབ་མ་བྱས་པའི་དབང་གིས་སོ་སོའི་གཟུགས་ཕུང་སྒང་གི་སྤུའི་ཉག་མ་ག་ཚོད་ཡོད་མེད་ལྟར་སྒེར་གྱི་གསང་བ་དེ་དག་བུད་མེད་འདིའི་རིགས་ཀྱིས་ཤེས་རྗེས། ནམ་ཞིག་མི་ཚང་མས་སྐྱེས་པ་དེའི་ལུས་ཐོག་སྤུའི་ཉག་མ་ག་ཚོད་ཡོད་མེད་ཀྱང་ཤེས་ངེས་རེད།

བཞི་པ། ཉིན་ལྟར་ཁ་ནས་རྫོགས་རྒྱུ་མེད་པར་བཤད་མཁན་གྱི་བུད་མེད།

 

མི་ཚང་མས་ཤེས་གསལ་ལྟར་། བུད་མེད་ནི་ལབ་གླེང་བྱེད་རྒྱུར་དགའ་བ་ཞིག་རེད། གླེང་མོལ་ལ་དགའ་བའི་བུད་མེད་དེ་དག་སྡུག་ཅག་མིན་པའང་སྔར་ནས་ཤེས་ཀྱི་ཡོད། འོན་ཀྱང་སྐྱེས་པ་ནི་བུད་མེད་ཚོས་གང་བཤད་ཀྱང་དེར་ངེས་པར་དུ་ཉན་དགོས་མཁན་མིན་སྟབས། མུ་མཐུད་རྫོགས་མཐའ་མེད་པར་བཤད་བསྡད་ན། ནམ་ཞིག་སྐྱེས་པ་དེ་བུད་མེད་འདི་དང་ཁ་བྲལ་སྲིད་པ་རེད།

 

ལྔ་པ། སྐད་ཆ་ཚིག་གཅིག་ཀྱང་མི་བཤད་མཁན། སེམས་ནས་ཅི་བསམ་ཆ་མི་འཚལ་བའི་བུད་མེད།

 

སྐད་ཆ་མང་ཙམ་བཤད་མཁན་གྱི་བུད་མེད་དེ་དག་ལ་སྐྱེས་པ་ཚོས་གུ་ཡངས་དང་ཡིད་འོངས་པོར་མཐོང་གི་ཡོད། སྐད་ཆ་ཚིག་གཅིག་མི་བཤད་ཅིང༌། ལྐུགས་འཚུབ་འཚུབ་འདྲ་བའི་བུད་མེད་དེ་དག་ལ་སྐྱེས་པ་ཚོ་སྐྱུག་མེལ་འདྲ་ལངས་པ་ལས། དེར་དགའ་པོ་མི་བྱེད། གང་ཡིན་ཟེར་ན། བུད་མེད་འདིའི་རིགས་ནི་ཚོད་དཔག་དཀའ་ཞིང༌། སྐྱེས་པའི་ངོས་ནས་མོའི་སེམས་ནང་སྐྱེས་པ་ཚོར་དགའ་པོ་ཡོད་དམ། ཡང་ན་སྐྱེས་པ་ཚོར་སྡང་སེམས་སྐྱེ་ཡི་ཡོད་པ་སོགས་ཤེས་རྟོགས་དཀའ་བས་ཡིན།

 

དྲུག་པ། སྐྱེས་པར་དགའ་ནས་བཟུང་དེར་ཧ་ཅང་དམ་འཛིན་དང༌། ཡང་ན་མཐའ་མར་སྨྱོ་ལ་ཉེ་བའི་བུད་མེད།

 

གནམ་འོག་འདིར་གོང་གསལ་ལྟར་གྱི་བུད་མེད་ཡོད་གཏན་འཁེལ་རེད། སྐྱེས་པ་མེད་ན་མོ་རང་གསོན་པོར་འཚོ་བར་དཀའ་ཞིང༌། སྐྱེས་པ་ལ་དགའ་དྲག་ནས་རང་ངོས་ཀྱི་བློ་རིག་ཀྱང་ལུགས་མཐུན་མིན་པའི་སྨྱོ་ལ་ཉེ་བར་གྱུར་གྱི་ཡོད་པ་རེད། གལ་ཏེ་སྐྱེས་པས་མོ་ལ་ཁ་ཡ་མ་བྱེད་ནས། དེ་ནས་བཟུང་སྐྱེས་པར་ཉེན་ཁ་ཆེས་ཆེར་འཕྲད་ཀྱི་ཡོད་ལ། སྐྱེས་པ་ཚོས་རྟག་ཏུ་ཡིད་གཟབ་དགོས་པ་ལས། དུས་ནམ་ཞིག་བུད་མེད་འདི་འདྲིས་ཁྱོད་ལ་གྲི་བཤག་ཐེངས་འགར་རག་རྒྱུར་བཤད་ཚོད་མི་ཐིགས།

 

བདུན་པ། དོགས་པ་དང་སྣང་རྟོག་ཚ་བའི་བུད་མེད།

 

ཚན་རིག་ཐོག་ནས་བཤད་ན། མི་རྣམས་ཀྱིས་དོགས་གཞི་སྐྱེ་ཤེས་པའི་གཤིས་སྤྱོད་ནི་ཕན་ཐོག་ཡོད་པའི་གནས་ཅིག་ཡིན་ཚུལ་སྐོར་བཤད་ཡོད་།


འོན་ཀྱང་བརྩེ་བའི་ཐོག་ནས་བརྗོད་ན། དོགས་པ་མང་དྲག་ན་སོ་སོའི་བསམ་བློ་མི་བདེ་བ་གྱུར་འགྲོ་ཡི་ཡོད། རྒྱུན་དུ་སྐྱེས་པ་ཚོར་དོགས་པ་སྣང་རྟོགས་ཆེ་བའི་བུད་མེད་ཚོས་རྟག་ཏུ་རང་ངོས་ཀྱིས་ཀྱང་ཤེས་རྟོགས་མེད་པའི་བྱ་བ་དེ་འདྲ་བསྒྲུབ་སྲིད་པ་རེད། སྐྱེས་པ་སུ་འདྲ་ཞིག་བུད་མེད་འདི་འདྲར་ཁ་གཏད་དུ་འགྲེང་དུས་སྤྲོ་བ་ཟེར་བ་དེ་འདྲ་འཕེལ་ཐུབ་ཀྱི་རེད་དམ།

 

བརྒྱད་པ། ཚད་ལས་བརྒལ་བའི་འདོད་རྔམ་ལ་མཐའ་མེད་པའི་བུད་མེད།

 

སྐྱེས་པ་ཚོས་བུད་མེད་སྤྲོ་བ་དང་ལྡན་ཞིང༌། ཡང་ན་ཀུ་རེ་འདྲ་བྱེད་པར་དགའ་པོ་ཡོད་རུང༌། བུད་མེད་འདོད་ཆགས་ཆེན་པོའི་རིགས་ལ་སྐྱེས་པ་ཚོས་ཀྱང་བཟོད་ཐུབ་ཀྱི་མེད། དམིགས་བསལ་དུ་འདོད་རྔམ་ཆེ་ཞིང༌། སྐྱེས་པ་མང་པོ་དང་འབྲེལ་བ་བཟུང་ཞིང༌། ལུས་གཟུགས་ཀྱི་འདོད་དོན་འགྲུབ་ཐབས་ཁོ་ནས་མི་ཚེ་བསྐྱེལ་མཁན་གྱི་བུད་མེད་འདི་ལྟ་བུར་སྐྱེས་པ་མི་སྐྲག་མཁན་མེད། བུད་མེད་འདི་འདྲིའི་རིགས་ཀྱིས་ཡག་ཤོས་བྱུང་ན། རང་ངོས་ནས་རང་གཅེས་ཀྱི་བསམ་བློ་ཏོག་ཙམ་གཏོང་ན་བཟང༌།