རྒྱལ་ས་ལྷ་སའི་ས་འོག་གཞུང་ལམ།

ས་འོག་གི་འགྲོ་ལམ་སྐྲུན་དོན་ནི། ནམ་རྒྱུན་ཡུལ་སྐོར་བ་དང་མཆོད་མཇལ་བ་མང་པོ་ཕར་འགྲོ་ཚུར་འོང་གིས་འཚང་ཁ་ཆེ་བ་དང། ལྷག་པར་དུ་རླངས་འཁོར་རིགས་མང་པོ་འགྲོ་སྐྱེད་བྱེད་ཀྱི་ཡོད་པས་འགྲིམ་འགྲུལ་ཉེན་ཁ་ཆེན་པོ་ཡོད་པར་དམིགས་ཏེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བས་ཕོ་བྲང་པོ་ཏཱ་ལའི་ཐང་ཆེན་གྱི་ཤར་ནུབ་གཉིས་སུ་ས་འོག་འགྲོ་ལམ་སྐྲུན་རྒྱུའི་གཏན་འབེབས་བྱས་པ་ཞིག་ཡིན་སྐོར་འཁོད་འདུག under ground roadད་སྐབས་ལས་གཞི་དེ་དངོས་སུ་འགྲོ་བཞིན་པ་ཡིན་ཡང། ཡུལ་སྐོར་བ་སོགས་འགྲོ་སྐྱོད་བྱེད་རྒྱུར་འགོག་རྐྱེན་མི་ཡོང་ཆེད་བདེ་འཇགས་ཡོད་པའི་འགྲོ་ལམ་ཞིག་ལོགས་སུ་སྐྲུན་ཡོད་སྐོར་བརྗོད་འདུག
སྤྱིར་རྒྱ་གཞུང་གིས་འཛམ་གླིང་མི་མང་གི་མདུན་དུ་གཡོ་སྒྱུའི་ཟློས་གར་འཁྲབ་ཆེད་ཙམ་དུ། ལམ་གྱི་གཡས་གཡོན་གང་སར་ཁང་པ་མང་པོ་རྒྱག་བཞིན་ཡོད་པ་མ་ཟད། གུང་ཁྲན་ཏང་བཀའ་དྲིན་ཆེན་པོ་ཡིན་ཚུལ་གྱིས་ཁྱིམ་ཚང་དབུལ་པོ་རྣམས་ལ་ཞག་པོ་ཁ་ཤས་ཀྱི་ཟ་འབྲུ་སོགས་སྤྲད་ནས་ངོ་སོ་འདོན་གྱི་ཡོད་པ་འདི་དག་ནི་བོད་རིགས་རྣམས་ཀྱིས་རྒྱ་གཞུང་གི་བཀའ་དྲིན་ཚོར་དགོས་པར་འདོད་ཀྱི་ཡོད་ཀྱང། དོན་དངོས་སུ་ད་བར་མི་ལོ་༥༠ རིང་བོད་ཀྱི་རྩ་ཆེའི་རིག་དངོས་ཤུལ་བཞག་གཏོར་བརླག་བྱས་པ་དང། རང་བྱུང་ཐོན་ཁུངས་བག་མེད་ལོངས་སྤྱོད་བྱས་པ་དང་བསྡུར་ན། ད་དུང་སྐྱོབ་གསོའི་འབྲུ་རིགས་རྒྱ་མ་ཁ་ཤས་དེ་ཡིས་གྱོང་གུན་གསབ་ཐབས་བྲལ་བ་ཞིག་ཆགས་ཡོད།།