༄༅། །སྐབས་གསུམ་པའི་དང་བླང་གི་བཀའ་བློན་ཁྲི་པའི་འཆར་གཞི་འཆར་བཀོད།
སྤྱི་ལོ་ ༡༩༨༧ ལོ་ནས་ཁྲ་འབྲུག་གཙུག་ལག་ཁང་དུ་ཆོས་ཞུགས་བྱས་ཀྱང་ ༡༩༨༩ ལོར་རྒྱ་གཞུང་ནས་དགོན་པར་བཅོས་སྒྲིག་སྐབས་དྲི་བ་དྲིས་ལན་ལ་སྐྱོན་མེད་སྐྱོན་འཛུགས་བྱས་ཏེ་ཆབ་སྲིད་ཀྱི་སྲིད་འཛིན་བཀའ་ཆད་ཕོག་པ། སྤྱི་ལོ་ ༡༩༩༠ ལོ་ནས་༡༩༩༦ བར་འཇིམ་པའི་ལྷ་བཟོ་མཁན་ལ་བསྡད་པ་ཡིན། སྤྱི་ལོ་ ༡༩༩༧ ལོ་ནས་ ༢༠༠༤ བར་བོད་ནང་གི་རྒྱ་གཞུང་ཁྲིམས་ཁང༌། གཞི་རིམ་དང༌། འབྲིང་རིམ། མཐོ་རིམ་ཁྲིམས་ཁང་བཅས་སུ་ཉེས་དོན་གཏུག་བཤེར་དང༌། སྲིད་འཛིན་གཏུག་བཤེར། དམངས་དོན་གཏུག་བཤེར་ལ་སོགས་ཁྲིམས་ཆེན་གསུམ་གྱི་གཏུག་བཤེར་གྲངས་ ༦༠ ལྷག་ཙམ་བྱས་པའི་བརྒྱུད་རིམ་ནས་སྦྱོང་བརྡར་དང༌། སྤྱི་ཚོགས་ནང་ལས་ཀའི་གནས་བབ་བཟུང་ནས་སློབ་གྲ་དངོས་སྦྱོང་ལས་སྐལ་ལོངས་སྤྱོད་མཐར་ཕྱིན་རྗེས་ཟིན་ཐུབ་པ། དཔེ་མཚོན་གྲངས་བཤེར་ལས་རྫོང་མི་དམངས་སྲིད་གཞུང་དང༌། ཉེན་ལྡོག་སྲིད་འཛིན་ལས་ཁུངས་རིམ་པ་ཁག སློབ་གསོའི་སྲིད་འཛིན་ལས་ཁུངས། འགྲིམ་འགྲུལ་སྲིད་འཛིན་ལས་ཁུངས་སོགས་ལ་གྱོད་གཏུགས་ཉམས་མྱོང་དངོས་གསུམ་ལག་ལེན་ཡང་ཡང་བརྒྱུད་པའི་སྲིད་ཇུས་ཀྱི་ངོས་འཛིན་དང་ཁྲིམས་ལུགས་ངོས་འཛིན་གཉིས་དངོས་ཤུགས་ཁྱད་པར་རྟགས་ཀྱིས་གྲུབ་རྗེས་སོགས་ལག་ལེན་ནས་ངོས་འཛིན་རྟོགས་པས་ར་སྤྲོད་མངོན་གསུམ་དང༌། སྤྱི་ལོ་ ༢༠༠༤ ལོའི་ ཟླ་ ༡༡ ནང་བལ་ཡུལ་བརྒྱུད་ནས་རྒྱ་གར་དུ་འབྱོར་རྗེས་ྋགོང་ས་མཆོག་གི་གསེར་ཞལ་མཇལ་ཁ་ཐོབ། སྤྱི་ལོ་ ༢༠༠༥ ལོར་ཟླ་ ༡ ནང་གོང་ས་མཆོག་གིས་དམིགས་བསལ་གཟིགས་སྐྱོང་སྩལ་བའི་བཀའ་དྲིན་ཆེ་བར་བརྟེན་ནས་ས་རཱ་མཐོ་སློབ་ཁང་དུ་བོད་ཀྱི་སྲོལ་རྒྱུན་རིག་གནས་བརྡ་སྤྲོད་དང༌། སྙན་རྩོམ། རྒྱལ་རབས། ནང་ཆོས་སོགས་ལ་དུས་ཡུན་ལོ་གསུམ་རྩམ་ཞིག་སློབ་སྦྱོང་གི་གོ་སྐབས་ཐོབ། སྤྱི་ལོ་ ༢༠༠༨ ལོའི་ཟླ་ ༡ ཚེས་ ༢ ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཞབས་སྡོད་ཞུ་བཞིན་པ་ཡིན།
དྲི་བ། ཁྱེད་རང་གི་བཀའ་བློན་ཁྲི་པ་དང་བླང་ངང་ལང་རྒྱུའི་གླེང་ཕྱོགས་ཤིག་དེང་སྐབས་སྤྱི་ཚོགས་ནང་བགྲོ་གླེང་གི་ཚ་རླབས་འཕྱུར་བཞིན་སང་གསལ་གྲགས་ནས་འདུག་པས་དེ་ཁྱེད་རང་གི་གསུངས་པ་བདེན་པ་ཡིན་ནམ།
ལན། བདེན་པ་རེད་སྟེས་དབང་འཕྲད་པ་འདི་ཐབས་ཀྱི་དགའ་མགུ་རངས་པའི་བསམ་པ་ཅན་རེད། མི་ལས་ཅན་སྟོན་མོ་བྱེད་སར་འཕྲད་པ་རང་རེད། དྲི་བ་འདི་ལས་སྐལ་རང་གིས་ལག་ཏུ་བཟུང་བ་དང་ལས་སྐལ་དེ་ལམ་གྱི་གོ་སྐབས་ཡག་པོ་ཐུག་སོང༌། དང་བླང་གི་བཀའ་བློན་ཁྲི་པར་ལང་པ་འོས་འདེམས་ནང་རང་ལ་མི་གཅིག་འོས་འཕེན་པའི་ཐོབ་ཐང་རང་དབང་བཅད་པ་ཞིག་ཡིན་པས་འདི་རང་གི་མི་ཞན་ལ་འོས་འཕེན་བྱས་པ་དང་འབྲུ་དོན་མཚུངས། དགོས་པའི་དབང་གི་དམིགས་བསལ་རྒྱུ་མཚན་གཅིག་ནི་དང་བླང་བཀའ་བློན་ཁྲི་པ་བྱེད་པར་ཆ་རྐྱེན་ཞིག་འདོན་དགོས་པས་འདིའི་འཆར་ཟིན་སྔོན་འགྲོ་ནི་ལྟོས་ས་ལྟོས་ཕྱོགས་ནས་བཤད་ན་གཞུང་སྲིད་དང༌། དམངས་སྲིད། ནོར་སྲིད། དོན་འདི་ལ་དམིགས་པའི་སྤྱི་ཚོགས་ཀྱི་དར་རྒུད་ཉམས་མྱོང་མངོན་གསུམ་ནས་དམངས་ཀྱི་བདེན་སྡུག་ཚོར་ཤེས་ཡོད་པ། ཆབ་སྲིད་ལམ་ཕྱོགས་གོ་རིམ་ནི་དུས་ཚོད་འཁོར་ལོ་གཞིགས་པའི་དབུ་མའི་སྲིད་ཇུས་དམིགས་ཚད་ཟིན་པའི་དུས་སྐབས་འདི་བཟུང་ཡང་དམ་པོེ་བཟུང་ནས་དུས་དང་མཐུན་པའམ་དུས་དང་འཚམས་པའི་སྤྱིར་བོད་ཀྱི་གནས་བབ་དང༌། བྱེ་བྲག་ཏུ་རྒྱལ་ཕྱིའི་ཆབ་སྲིད་ཀྱི་རིན་ཐང་དང༌། བོད་ནང་མི་དམངས་ཡོངས་ལ་མི་རིགས་ཀྱི་ཆབ་སྲིད། རིག་གནས༌། ཆོས་ལུགས། དཔལ་འབྱོར་གྱི་གནས་བབ། བོད་ནང་རྒྱ་གཞུང་གི་གཞུང་ཞབས་ལས་བྱེད་ཀྱི་ཆབ་སྲིད་ལྟ་སྤྱོད་གནས་བབ། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་སོགས་ཤེས་ཚོར་བྱེད་ནས། དེའི་དམིགས་ཡུལ་གྱི་བསྒྲུབ་བྱ་སྒྲུབ་བྱེད་ནི་དོན་གཉིས་ལ་བསྡུས་ཡོད། རིམ་པས་རང་གི་ཁ་ཕྱོགས་སྟོན་ནས།
བཙན་བྱོལ་བོད་གཞུང་འདི་དམངས་གཙོ་ཚད་ལྡན་ཡིན་པ་དོན་དངོས་ནས་ར་སྤྲོད་ཐུབ་པའི་དན་རྟགས་དང༌། དང་བླང་གི་སྒོ་དང་པོའི་དར་སྲོལ་ལམ་ནས་ཆབ་སྲིད་དང་ཁྲིམས་ལུགས་མི་དམངས་ལ་ངེས་དོན་དང་ངེས་ཚིག་ཆེས་རྩོམ་ནས་ལེགས་པར་རྟགས་པའི་མངོན་གྱུར་ཤེས་པ་དང་རྗེས་དཔག་ལ་བརྟེན་ནས་ཤེས་དགོས་པ་མ་ཡིན་པར། རྟ་ལྕག་གཡུ་བསྡུར་གྱི་གཡུ་ལ་གཡུ་བཤད་དང་བུ་ལ་ཕ་བཤད་བརྒྱག་མི་དགོས་པའི་འགྲན་བསྡུར་ནས་བློན་ཆེན་ཞིག་ཡར་རྒྱས་ཀྱི་ལམ་སྲོལ་རང་བཞིན་ལྡན་པའི་ཐོག སྒྲ་ཤེས་དོན་ལ་རྨོངས་པ་མེད་པའི་གནས་ལུགས་རྟོགས་པའི་ཤེས་རབ་མྱོང་སྒོམ་ཡོད་པ། རྒྱ་གཞུང་ནས་བོད་མི་རིགས་ལ་བཤད་ཡམས་བཀས་བཀོད་རྒྱུད་འཛིན་ཟེར་བའི་གཏམ་ངན་མ་ཉེས་ཁ་གཡོགས་དེར་དགག་བཞག་ལན་འདེབས་དོན་དངོས་ནས་ར་སྤྲོད་བྱས་ཏེ་བོད་གཞུང་གི་བཅའ་ཁྲིམས་ཆ་རྐྱེན་ཚང་བའི་བོད་མི་ཡིན་ཕྱིན་ཁྲིམས་ཀྱི་མདུན་སར་འདྲ་མཉམ་དང༌། དང་བླང་གི་བློན་ཆེན་ཡོས་བསྡུའི་ནང་ཞུགས་པར་དགག་ཆ་ཡང་མེད་པ་དེ་ནི་ཚད་མཐོའི་དམངས་གཙོ་འི་ལམ། དོན་སྙིང་ལྡན་པའི་ར་སྤྲོད་ཀྱི་དཔང་རྟགས་བྱས་ཡོད།
དྲི་བ། ཁྱེད་རང་གིས་བཀའ་བློན་ཁྲི་པར་ལང་ནས། རྒྱ་བོད་གྱོད་གཞི་དེ་སེལ་ཐུབ་པའི་ཐབས་ལམ་གྱི་གཞི་འཛིན་ས་དང་འཆར་གཞི་ཅི་ཞིག་ཡོད་དམ།
ལན། རང་ཉིད་ཀྱི་ཆབ་སྲིད་ལང་ཕྱོགས་ནི་རྣམ་དཔྱོད་དང༌། ཐབས་ཇུས། གོ་རིམ། ཇུས་བཀོད། ཁྲིམས་སྲོལ། བཅའ་ཁྲིམས་སོགས་ཀྱི་སྔོན་གླེང་ཆ་རྐྱེན།
དང་པོ། རྒྱ་བོད་འབྲེལ་བའི་གོ་རིམ་ནི། གོང་ས་མཆོག་གི་མཁས་མཛངས་ལྡན་པའི་དབུ་མའི་སྲིད་ཇུས་དེ། གཞུང་དམངས་ཡོངས་ཀྱིས་ངོས་ལེན་ཡོད་པས་དབུ་མའི་སྲིད་ཇུས་དེ་ལ་གོ་བ་གཏིང་ཟབ་ལེན་ནས། རྒྱ་ནག་གཞུང་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ནས། འབྲེལ་ཡོད་འབྲུ་དོན་བརྩོན་ལེན་བྱེད་རྒྱུ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ལག་ལེན་དུ་དོན་འཁྱོལ་མ་བྱུང་ཚེ། ང་ཚོའི་ངོས་ནས་རྩ་ཁྲིམས་ཀྱི་གཏན་ལ་ཕབ་པའི་བཅའ་ཁྲིམས་ཀྱི་གོ་རིམ་ལག་ལེན་བྱེད་རྒྱུ་དེ་དམིགས་ཚད་དུ་བཟུང་སྟེ་བྱ་རིམ་འཛུགས་བརྒྱུ་དེ་རེད། དེ་ནི་དབུ་མའི་སྲིད་ཇུས་ཀྱི་ངོ་བོ་དང་གཙོ་བའི་གནད་དོན་གྱི་གོ་རིམ་ཡིན་པ་རེད། རྒྱ་བོད་གྱོད་གཞི་དེ་ཇི་སྲིད་ཐག་གཅོད་མ་བྱུང་བར་དེ་སྲིད་དུ། བོད་མི་རིགས་ཀྱི་ཆབ་སྲིད་དང༌། ཆབ་སྲིད་ཀྱི་འཚོ་བ། དཔལ་འབྱོར་གྱི་འཚོ་བ། སྤྱི་ཚོགས་ཀྱི་འཚོ་བ། མི་རིགས་རིག་གནས་ཀྱི་འཚོ་བ། བོད་ཀྱི་ཁོར་ཡུག་ནུས་པའི་ཐོག་ཁུངས། མི་ལུས་རང་དབང༌། གཉེན་སྒྲིག གཉེན་བཤེས། ཕ་གཉེན། མ་གཉེན་ལ་སོགས་ཀྱི་དཀའ་ངལ་དེ་རྒྱུན་བསྲིངས་གནས་རྒྱུ་ཡིན་པས། གོང་གསལ་གྱི་བཀའ་ངལ་རྣམས་སྤྱི་ཁྲིམས་དང་ཟུར་ཁྲིམས་གཉིས་ནས་ཐོབ་ཐང་བརྩོན་ལེན་ཁྲིམས་གཞུང་ནས་ཁྲིམས་བཞིན་གཏུག་བཤེར་གྱི་ལམ་ནས་གོ་རིམ་མངོན་པའི་ངོས་འཛིན་ལག་ལེན་དང༌། ལག་ལེན་ངོས་འཛིན་བྱས་ནས་ཁྲིམས་ལུགས་ཡུན་ཚད་བཞིན། དམིགས་པ་གཅིག་ལ་དམིགས་ནས་ལས་རིམ་འཛིན་སྟངས་དངོས་འགལ་དུ་མི་འགྲོ་བ།
དམིགས་པའི་ལམ་བཞིན་ཆབ་སྲིད་ལམ་ཕྱོགས་དུས་མཚམས་དབྱེ་རྒྱུ་དང༌། དབུ་མའི་ལམ་དེ་ནང་སྲིད་ངོ་བོའི་ཐོགས་ནས་ཁྲིམས་བཞིན་གཏུགས་བཤེར་བྱེད་རྒྱུ་དེ་ནི། བོད་གཞུང་ནི་བོད་མི་རིགས་ཀྱིས་ལོ་རྒྱུས་ནས་དན་རྟགས་བྱས་པའི་མངའ་བདག་གི་ཁྲིམས་གཞུང་ངོ་མ་ཡིན་པས། རྒྱ་གཞུང་ལ་ངེས་པར་དུ་བསྟན་དགོས་པ་ནི་བོད་གཞུང་འདི་ཁྲིམས་བསྐོས་ཀྱི་གཞུང་ཡིན་པ་ཁྲིམས་ལུང་དང་བྱུང་རིམ་ལས་དན་རྟགས་བྱས་པའི་བོད་གཞུང་གི་སྤྱི་ལོ་ ༡༩༥༩ བར་བོད་མི་རིགས་ཀྱི་རང་ཚུགས་ནས་སྲིད་སྐྱོང་ནུས་ལྡན་བྱས་པར་ཁས་ལེན་དང༌། དོན་དངོས་ཀྱི་རྩོད་གཞི་དེ་དོན་དངོས་དཔང་རྟགས་གཙོ་བོ་གཞི་འཛིན་ནས། རིག་པས་བརྡ་ལན་གསལ་པོ་དང་ཟབ་བརླིང་ངང་དག་འབུད་ནུས་པ་མཐོན་པ་སྤྲོད་རྒྱུ་དང༌། རྒྱ་ནག་གི་ཁྲིམས་གཞུང་ནས་ཁྲིམས་ཀྱི་གཏན་འབེབས་བཞིན་ཁས་ལེན་ལྡང་ངེས་དང་ངོས་འཛིན་གཏིང་ཟབ་བྱེད་དགོས། སྤྱི་ལོ་ ༡༩༥༡ ལོ་ནས་ ༢༠༠༨ ལོ་བར་སྲིད་འཛིན་ནས་བཀའ་བཅད་ཀྱི་གོ་རིམ་རྣམས་རྩ་ཁྲིམས་དང༌། བཅའ་ཁྲིམས་ངོས་ལེན་ཡོད་མེད་འདྲི་གཅོད་བྱས་ནས་དར་རྒུད་ཀྱི་རྩོད་གཞུང་འཛུགས་རྒྱུ་དང༌། རྒྱ་བོད་གྱོད་གཞི་དེ་ཁྲིམས་སྦྱོར་ཁག་གཉིས་སུ་བགོས་ཏེ་དང་པོའི་གོ་རིམ་ནི་འདས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་བཅད་རྣམས་ཁྲིམས་མཐུན་བྱུང་ཡོད་མེད་དང༌། གཉིས་པ། བོད་མི་རིགས་ཀྱི་དོན་དངོས་རྒྱུ་མཚན་དེ་ཁྲིམས་སྦྱོར་བྱེད་དགོས་པ་ཡིན། གདོང་གཏུགས་ཀྱི་ཁྲིམས་སུ་བཀོད་པའི་འོས་འགན་ཁྲིམས་ཀྱི་དུས་ཚོད་ནང་འགྲོ་བ་བྱས་ནས། ལོ་གསུམ་ནང་རྒྱ་བོད་གྱོད་གཞི་དེ་ནང་སྲིད་ཁུངས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་སེལ་དགོས་པ་དང༌། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲིད་འཛིན་གཏུགས་བཤེར་བཅའ་ཁྲིམས་ཀྱི་ཁྲིམས་ཐོག་ནས་ཡུན་ཚད་བཞིན་ཐག་གཅོད་བྱེད་དགོས་པ། ཡང་ན་སྲིད་ཁྲིམས་གཉིས་ནས་དུས་གཅིག་ཏུ་སེལ་དགོས་པ་བཅའ་ཁྲིམས་ཀྱི་འགན་འཁྲི་མ་བསྒྲུབས་པར་ནར་འགྱངས་བཏང་བ་ཡིན་ཕྱིན། མངོན་གསུམ་གྱི་སྲིད་ཁྲིམས་བང་རིམ་བརྒྱུད་པའི་དཔང་རྟགས་བཞིན་ཆབ་སྲིད་གོ་རིམ་མངོན་པར་བྱ་རྒྱུ་འདི་མ་འོངས་པའི་རྒྱ་བོད་འབྲེལ་བ་དངོས་གཞི་དེ་འཛུགས་མ་་ཐུབ་བར་གནས་སྐབས་རིང་བོད་གཞུང་གི་སྲིད་སྐྱོང་བདག་དབང་སླར་གསོ་དང་གནས་བབས་འདྲ་མཉམ་གཉིས་ཕན་སྲིད་ཇུས་བཟུང་བའི་ལམ་ནས་མི་རིགས་ཀྱི་འབྱུང་འགྱུར་དོན་བྱ་བསྒྲུབ་རྒྱུར་འབད་བརྩོན་བྱེད་རྒྱུ།
ནང་གསཻས་དང་པོ། བོད་གཞུང་ལ་ཕྱི་ནང་གཉིས་ཁྲིམས་ཀྱི་སྐྱོང་ཐུབ་པའི་ནུས་པར་བསྒྱུར་རྒྱུ་དེ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། དེའི་དགོས་ཕན་གྱི་ཆབ་སྲིད་དམིགས་ཡུལ་ནི་གཞུང་སྲིད་དང༌། དམངས་སྲིད། ནོར་སྲིད་སོགས་བདེ་ལེགས་ངང་བསྒྲུབ་ཐུབ་པའི་དམིགས་ཡུལ་དང༌། ནང་གི་ཁྲིམས་ལུགས་འཐུས་ཚང་དུ་གཏོང་དགོས་པའི་རྐྱེན་མང་བའི་སྒོ་གང་སར་ཁྱབ་པའི་ཁྲིམས་ལུགས་འཛུགས་དགོས་པ་ཡིན། སྲིད་ཁྲིམས་ཀྱི་རྨ་ཁ་མེད་པ་གཞུང་གི་སྲིད་འཛིན་ལས་བྱེད་རིམ་པ་ཁག་ལ་སྲིད་ཁྲིམས་ཀྱི་སྟོང་ཆ་མེད་པ་བཟོས་ནས་སྲིད་ཁྲིམས་ཀྱི་རྣམ་གཞག་ངེས་པར་དུ་དགོས་པ་ཡིན་པས་དེའི་མཚམས་སྦྱོར་ནུས་པས་གཞུང་དམངས་གཉིས་བར་བདེ་ལེགས་ངང་འཛིན་སྐྱོང་དང་འབྲེལ་བ་བྱེད་རྒྱུ་དེ་ཡིན།
གཉིས་པ། བོད་གཞུང་གཞུང་ཞབས་པའི་བཅའ་ཁྲིམས་དང་སྒྲིག་གཞི་ཁ་སྣོན་འཐུས་ཚང་བཟོས་ནས། གཞུང་ཞབས་སྤུས་ཚད་ལྡན་པ་དང༌། བེད་མེད་ལས་མེད་མཁོ་བསྡུ་དང༌། དགོས་གལ་ཆེའི་བའི་ལས་ཀ་གསར་འཛུགས་བྱས་ནས་མི་རེ་ངོ་རེའི་ལས་ཆོས་མངོན་པ་དང་ནུས་པ་ལྡན་པ་དམངས་གཙོའི་ལམ་སྲོལ་དེའི་ནང༌། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཆེ་བ་ལྔ་པོ་དེ་ཆ་ཚང་བའི་སྒོ་ནས་ཡར་རྒྱས་གོང་འཕེལ་གཙོ་བོར་འཛིན་པའི་ལག་ལེན་མངོན་གསུམ་གྱིས་དམ་པོར་བཟུང་ནས། དེང་རབས་བཟོ་ལས་དང༌། རིག་གནས། ཚན་རིག་འཛུགས་སྐྲུན་བྱེད་པ།
གསུམ་པ། བོད་གཞུང་ནས་བཙན་བྱོལ་སྤྱི་དམངས་ཡོངས་ཀྱི་འཚོ་བའི་ནང་ཁེ་དབང་དང་ཁེ་ཕན་གང་ཐབས་ཡོང་བ་བྱེད་བཞིན་པ་དེ་སོར་བཞག་དང་གོང་འཕེལ། བོད་གཞུང་གི་འགོ་ཁྲིད་པའི་བོད་རིགས་ཡོངས་ལ་ཆབ་སྲིད་དང༌། རིག་གནས། སྤྱི་ཚོགས། འཚོ་བ། ཁྱིམ་ཚང༌། ཕོ་མོ། འདྲ་མཉམ་བཟང་པོ་རྣམས་སོར་གནས་དང་ཡར་རྒྱས་གོང་འཕེལ། བོད་ནང་གི་མི་ལུས་རང་དབང་དང་ཁེ་དབང་ལ་འབད་བརྩོན་དང་འགན་སྲུང་ཁྲིམས་ལུགས་ནས་དག་འབུད་བྱེད་རྒྱུ་དེ་ནི་ནུས་པའི་འབྱུང་ཁུངས་རྣམས་བེད་སྤྱོད་གཏོང་རྒྱུའི་གཙོ་བོའི་འགན་འཁྲིའི་དང་ལེན་བྱ་རྒྱུ། བཙན་བྱོལ་ནང་བོད་མི་འགའ་ཡི་བོད་གཞུང་འདི་ཕན་བདེ་ཁང་ལ་ངོས་འཛིན་ཙམ་མིན་པར། བོད་གཞུང་འདི་ཁྲིམས་གཞུང་དང༌། སྲིད་གཞུང་ཞིག་ཡིན་པར་ངོས་འཛིན་བྱེད་དགོས་པ་ཡིན།
བཞི་པ། བོད་མི་རིགས་དང་བོད་གཞུང་མིང་ཐོག་ནས་གསར་འཛུགས་བྱས་པའི་ལས་ཁུངས། ཐུན་མོང་གི་ལས་ཁུངས་དང༌། ཁེ་ལས་རང་སྐྱོང་སོགས་ལ་གཞུང་གི་བསྐྱར་ཞིབ། སོར་གནས། སྒྱུར་བཅོས་སོགས་དོན་དངོས་གཞིར་བཞག་དང་ཕན་ཐོགས་གཞིར་བཞག་ཞིབ་འཇུག་དང་དར་རྒུད་བྱེད་རྒྱུ།
གོང་གསལ་སྡེ་ཚན་དེའི་ཕྱིར་དམངས་གཙོའི་གཞི་གྲུབ་པའི་རྟགས་ཁས་ལས། སྲིད་ཁྲིམས་གཉིས་ཀྱི་གོ་རིམ་དང༌། ངོ་བོ། བྱ་ལས། བྱེད་ལས་ཀྱི་འགྲེལ་པ་བསྡུས་ཚན་ཟུར་མཆན་སྡེ་ཚན་ཕྱི་མའིནང་བྱ་རིམ་གསལ་པོར་བྲིས་ཡོད་པས། བློ་གཟུར་གྱི་རྒྱ་ཆེའི་བློ་མཐུན་དང་གྲོགས་པོ་ཆུ་གྲོགས་རྣམས་ཀྱིས་གཟིགས་རྟོགས་དང་མཁྱེན་རྟོགས་ཡོད་པ་མཁྱེན།།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཞབས་སྡོད་པ་སྣེ་གདོང་ཡེ་ཤེས་ཐུབ་བསྟན་གྱིས་སྤྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༡༣ ཉིན་བྲིས།