འཇོ་མདའ་རྫོང་གི་གྲྭ་པ་གསུམ་འཛིན་བཟུང།
གྲྭ་སངས་རྒྱས་རྒྱ་མཚོ་དང་སྤྲུལ་སྐུ་བྱང་ཆུབ་གཉིས་ས་གནས་གཞན་ཞིག་ཏུ་སོང་ནས་ཚུར་གྲོང་པ་ཞིག་བརྒྱུད་ཡོང་སྐབས། གྲོང་པ་དེར་རྒྱ་མིའི་ཉེན་རྟོག་པ་འགས་བོད་མི་ཞིག་ལ་ཉེས་རྡུང་གཏོང་བཞིན་ཡོད་པ་མཐོང་སྐབས། ཉེས་རྡུང་མ་གཏོང། གནད་དོན་ག་རེ་བྱུང་བ་རེད་ཅེས་སོགས་བར་འདུམ་བྱས་པར། གནས་སྐབས་ཉེན་རྟོག་པས་གང་ཡང་མ་བྱས་རུང། མར་ཙམ་ལམ་བར་དུ་སླེབས་སྐབས་ཉེན་རྟོག་པ་འགའ་ཞིག་གིས་གྲྭ་སངས་རྒྱས་རྒྱ་མཚོ་འཇུས་ནས་ད་སྐབས་ཆབ་མདོ་ས་ཁུལ་བཙོན་ཁང་དུ་ཡོད་པ་དང། ཕྱི་ཟླ་༡ ནང་དུ་སྤྲུལ་སྐུ་བྱང་ཆུབ་ས་གནས་རང་ནས་འཇུས་ཡོད་འདུག དེ་ནས་གྲྭ་ཨ་བྷུ་མ་ལྷ་ས་ནས་འཇུས་ནས་ད་སྐབས་ཁོང་གཉིས་བཙོན་ཁང་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་མེད་པ་རེད་འདུག །
