ས་ཡིག་བསྡུ་རུབ་ཀྱི་ལས་འགུལ།

student for free tibet-1དེའི་སྐོར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་འབྲེལ་མཐུད་པ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། དེ་རིང་གི་མི་མང་ཁྲོད་དུ་ས་ཡིག་བསྡུ་རུབ་ཀྱི་ལས་འགུལ་འདི་སྤེལ་དོན་ནི། རྒྱ་ནག་དམར་པོའི་གཞུང་གིིས་དྲང་བདེན་མིན་པའི་སྒོ་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་བཙོན་འཇུག་བྱས་ནས་ལོ་ངོ་༨ ལྷག་འགྲོ་ཡི་ཡོད་པ་རེད། དེ་རིང་གི་ས་ཡིག་བསྡུ་རུབ་བྱས་པ་རྣམས་རྒྱ་ནག་གཞུང་ལ་སྤྲོད་འཆར་ཡོད། ང་ཚོས་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་ཡིན་སྟབས། མུ་མཐུད་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་པའི་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང། student for free tibet-2
ས་ཡིག་བསྡུ་རུབ་ཀྱི་ལས་འགུལ་ཁྲོད་དུ་འབར་མ་དང། ཀོ་རི་ཡ། རྒྱ་གར་སོགས་མི་རིགས་གཞན་མང་པོ་མཉམ་ཞུགས་ཀྱིས་ས་ཡིག་དང་མཛུབ་ཐེལ་བརྒྱབ་ནས་ལས་འགུལ་ལ་རྒྱབ་སྐྱོར་གནང་སོང། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ནི་ཕྱི་ལོ་༢༠༠༢ ལོའི་ཟླ་༥ པའི་ནང་རྒྱ་གཞུང་གི་དོ་དམ་བྱས་པ་དང། ལོ་དེའི་ཟླ་༡༡ ཚེས་༢༩ ཉིན་ཁྲེན་ཏུའུ་གྲོང་ཁྱེར་དུ་འབར་རྫས་སྦར་བའི་ཉེས་མིང་འོག་བཙོན་འཇུག་བྱས། ༢༠༠༢ ལོའི་ཟླ་༡༢ ཚེས་༢ ཉིན་ལོ་གཉིས་རྗེས་སུ་སྲོག་ཐོག་གི་ཁྲིམས་ཐག་གཅོད་རྒྱུ་བྱས། འོན་ཀྱང་ཕྱི་ནང་གང་ས་ནས་ཁོང་གི་ཆེད་ལས་འགུལ་སྣ་ཚོགས་སྤེལ་བ་ལ་བརྟེན་ནས་ཕྱི་ལོ་༢༠༠༥ ཟླ་༡ ཚེས་༢༦ ཉིན་སྲོག་ཐོག་གི་ཁྲིམས་ཆད་ནས་ཚེ་བཙོན་གྱི་ཁྲིམས་ཆད་ལ་བསྒྱུར་ནས་ད་སྐབས་བཙོན་ཁང་དུ་བཅུག་མུས་རེད།།