༧གོང་ས་མཆོག་གི་གསུང་འཕྲིན།

ཟླ་སྔོན་མའི་ཚེས་༢༨ ཉིན་༧གོང་ས་མཆོག་གིས་ཅི་ལིའི་རྒྱལ་ཁབ་ཀྱི་སྲིད་འཛིན་དང་མི་མང་ལ་སེམས་གསོའི་གསུང་འཕྲིན་ཞིག་བསྩལ་བ་ཡོད་འདུག དེ་ཡང་ཟླ་འདིའི་ཚེས་༡ ཉིན་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང། སྲིད་འཛིན་ལྕམ་སྐུ་མཆོག་བརྒྱུད་ས་ཡོམ་གྱི་གོད་ཆག་ཕོག་པའི་ཁྱིམ་ཚང་ཚོར་ཐུགས་བརྩེ་ཆེན་པོས་གདུང་སེམས་མཉམ་བསྐྱེད་དང་སྨོན་ལམ་མཛད་ཡོད་ཅེས་འཁོད་ཡོད་པ་རེད།།