ཝཱ་ཎར་བུད་མེད་སྒེར་ལངས་དུས་དྲན་སྲུང་བརྩི།
དབུས་བུད་མེད་ལྷན་ཚོགས་ཀྱི་ཡོངས་ཁྱབ་གསུང་འཕྲིན་སྒྲོགས་སྦྱང་གནང་རྗེས། ཉིན་དེའི་སྐུ་མགྲོན་གྱི་གཙོ་བོ་བོད་མི་མང་སྤྱི་འཐུས་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ཀྱིས། རྒྱལ་སྤྱིའི་ནང་བུད་མེད་ཀྱི་ཚོགས་སྡེ་འཛུགས་དགོས་པའི་བརྒྱུད་རིམ་དང༌། ང་ཚོའི་བོད་ཀྱི་བུད་མེད་ཀྱི་ཚོགས་སྡེ་བཙུགས་པ་གཉིས་ནི་ངོ་བོ་ཐ་དད་ཡིན། རྒྱ་ནག་དམར་པོའི་གནོན་ཤུགས་འོག་ཡོད་པའི་བོད་ཀྱི་བུད་མེད་རྣམས་ཀྱི་དཀའ་སྡུག་རྣམས་རྒྱལ་སྤྱིའི་ཚོགས་སྡེ་རྣམས་དང་འབྲེལ་བ་བྱས་ཏེ་ཁ་གསལ་གཏིང་གསལ་གཏོང་དགོས་རྒྱུ་དང༌། རང་ཉིད་ཀྱི་གཉའ་རང་གིས་བཅག་ནས་སྡོད་མཁན་གྱི་བོད་ཀྱི་བུད་མེད་རྣམས་ལ་སློབ་གསོ་བསྐྱོན་ནས་སྔོན་ཐོན་གྱི་མདུན་ལམ་བསྐྲུན་དགོས་སྐོར་གསུངས་སོང།
ཕྱི་དྲོ་ཆུ་ཚོད་༥ ཐོག་བོད་དགོན་ནས་སློབ་གྲྭ་བར་མར་མེ་ཁྲོམ་སྐོར་གནང་བ་དང། དེ་བཞིན་དགོང་དྲོ་ཆུ་ཚོད་༧ ཐོག་དཔལ་ཨ་ཏི་ཤའི་ཚོགས་ཁང་དུ་བཙུན་པ་དང༌། སྐྱ་བོ་ཕོ་མོ་གཉིས་བཅས་རུ་ཁག་གསུམ་དུ་དབྱེ་ནས་དྲི་བ་ཁག་བདུན་གྱི་ཐོག་དྲི་བ་དྲིས་ལན་གྱི་འགྲན་སྡུར་ཞིག་འཚོགས་ཡོད་པ་རེད། ཝཱ་ཎ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ནི་༢༠༠༦ ལོར་གསར་འཛུགས་བྱས་ཏེ། ད་སྐབས་ཚོགས་མི་ ༣༡ ལྷག་ཙམ་ཡོད་འདུག །