སྐྱབས་བཅོལ་ལག་ཁྱེར་སྐོར་གྱི་དྲིས་ལན།

བསྡོམས་མི་གྲངས་༡༡༦༥༧  ལ་སྐྱབས་བཅོལ་ལག་དེབ་གསར་བཟོས་ཟིན་པ་དང།  ༢༠༠༣ སྔོན་ནས་འབྱོར་བ་མི་གྲངས་༦༠ དང་དམིགས་བསལ་འཛུལ་ཞུགས་ལག་ཁྱེར་ཡོད་པའི་ནང་ནས་གྲངས་༡༤༡ བཅས་ཁྱོན་བསྡོམས་གྲངས་༢༠༡ ལ་སྐྱབས་བཅོལ་ལག་ཁྱེར་བཟོ་བཞིན་པ་ཡིན་ཞེས་དང། ༢༠༠༣ གྱི་སྔོན་དུ་འབྱོར་བའི་གྲས་ནས་མི་གྲངས་༡༦༧༤ དང་དམིགས་བསལ་འཛུལ་ཞུགས་ལག་ཁྱེར་ཡོད་མཁན་མི་གྲངས་༡༤༠༠ ཁྱོན་བསྡོམས་གྲངས་༣༠༧༤ ལ་སྐྱབས་བཅོལ་ལག་དེབ་བཟོ་རྒྱུ་ལྷག་ཡོད་པ་དང། དེའི་ཁོངས་ནས་ལོ་ན་མ་སོན་པ་གྲངས་༡༠༦༣ དང། ཐོ་གཞུང་ནང་ཡོད་ཀྱང་བཟོ་བའི་སྐབས་ངོ་བཅར་མ་ཞུས་པ་གྲངས་༡༤༥༡ གནས་སྐོར་དང་གཞན་འཁོད་པ་གྲངས་༥༥༠ ཉེ་ཆར་འབྱོར་བ་གྲས་༡༠ བཅས་ཡོད་ཚུལ་གསུངས་འདུག
དམིགས་བསལ་འཛུལ་ཞུགས་ལག་ཁྱེར་དེབ་དཀར་པོའི་ནང་གནས་སྐོར་དང་གཞན་ཞེས་འཁོད་ཡོད་པ་རྣམས་ལ་རྒྱ་གར་དབུས་གཞུང་ནས་སྐྱབས་བཅོལ་ལག་ཁྱེར་བཟོ་རྒྱུར་བཀའ་འཁྲོལ་མེད་སྟབས་ད་བར་བཟོ་ཐུབ་མེད། བཀའ་ཤག་ནས་རྒྱ་གར་གཞུང་ལ་རེ་སྐུལ་ཞུས་ཀྱང་ད་བར་ཐག་གཅོད་བྱུང་མེད་ཅེས་ལན་འདེབས་གནང་ཡོད་པ་རེད།།