དེ་རིང་གི་གསར་འགྱུར་འདི་མཐོང་ནས་ངའི་སེམས་པ་སྐྱིད་པོ་བྱུང་མ་སོང་།
སོ་སོའི་ལུང་པ་དང་ཁ་བྲལ་ནས་དུས་ཡུན་རིང་པོ་འདི་ཙམ་སོང་རུང་ང་ཚོ་ རང་གི་ལུང་པ་ལ་འགྲོ་ཐབས་ཤིག་གང་ནས་ཡོང་། ད་དུང་ང་ཚོའི་ནང་ཁུལ་ལ་འདི་ལྟར་གཅིག་སྒྲིལ་ མེད་པའི་གནས་ཚུལ་འདི་ནི་ཕར་ཕྱོགས་ནས་དགྲ་བོས་ མཐོང་ན་དགའ་འོས་པ་ཞིག་དང་། ཤ་རུས་གདུང་བརྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་ཚོས་མཐོང་ན་ངུ་འོས་ པ་ཞིག་རེད། དེ་ལས་ཀྱང་གཞིས་ལུས་རྒྱ་ཆེའི་མི་མང་གིས་ ཐབས་སྐྱོ་བོའི་གནས་ཚུལ་འདི་ཤེས་རྟོགས་བྱུང་ན་བློ་ཕམ་ག་ཚོད་ཡོང་གི་རེད་སྙམ། དེས་ན་ང་ཚོ་བོད་རིགས་ཚང་མས་དམ་ཚིག་རྡོག་རྩ་ གཅིག་སྒྲིལ་བྱེད་རྒྱུ་ནི་བརྗེད་མི་རུང་བའི་གནད་དོན་ ཡིན་པ་ཚང་མས་ཤེས་གསལ་རེད་ དེ། ཡིན་ན་ཡང་དོན་ངོ་ མའི་སྟེངས་ནས་ལག་ལེན་བྱེད་མཁན་དེ་ག་ཚོད་ཡོད་དམ། དེ་ལས་ཀྱང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་ པའི་ལས་ཀྱི་སྣེ་མོར་གཏོགས་པའི་ལས་བྱེད་པ་འདི་ཚོ་ནི། ང་ཚོ་བོད་པའི་ནང་ནས་མ་ཡོད་ནང་གི་དེ་ཡོད་དང་ ཤེས་འཇོན་གཉིས་ལྡན་གྱི་མི་སྣ་རེ་ཡིན་པའི་ཁུལ་རེད། ལས་ཀྱི་སྣེ་ཁྲིད་མཁན་ཚོས་འདི་ལྟར་བྱེད་ཕོད་ པ་ནི་ང་ཚོའི་རྒྱལ་ཁབ་དང་མི་རིགས་ལ་བསམ་མནོ་མ་མཏང་བ་ ཞིག་རེད་སྙམ་པའི་རྣམ་རྟོག་ཅིག་སྐྱེས་སོང་། ༢༠༡༠ ། ༣ །༢༢ ཉིན་བྲིས།
