ཆང་རག་དང་རྒྱན་རྩེད་མཚམས་འཇོག
ཁྱིམ་ཚང་དང་མི་སྒེར་བཅས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱི་ལས་འགུལ་གསར་བ་སྟེ། ཆང་དང་ཐ་མག་རྐུན་ཇག རྒྱན་འཇོག་སོགས་མ་རབས་ཐ་ཤལ་གྱི་བྱ་ངན་རིགས་མཚམས་འཇོག་དང་ཕྱིན་ཆད་དེ་འདྲའི་ལས་ལ་མི་འཇུག་རྒྱུའི་དམ་བཅའ་དང་ནང་ཁྲིམས་བཞག་ཡོད་འདུག དེ་ཡང་ནམ་རྒྱུན་བོད་ཟླ་དང་པོ་དང་གཉིས་པར་ཆར་བ་འབབ་སྲོལ་མེད་ན་ཡང་། འདི་ལོར་དུས་ཚེས་ཁྱད་པར་ཅན་ལ་ཆར་བ་བབས་འདུག་པས་ཡུལ་མི་ཚོས་དཀར་ཕྱོགས་པ་རྣམས་ཐུགས་མཉེས་པའི་རྟགས་མཚན་དུ་རྩི་བཞིན་ཡོད་འདུག ད་དུང་རྗེས་སོར་དགོས་པ་རྒྱུ་མཚན་མེད་པའི་གཡུ་བྱུར་དང་གསེར་དངུལ་གྱི་རྒྱན་ཆའི་བརྒྱན་པའི་རྒྱས་སྤྲོས་དེའི་རིགས་ཀྱང་། ག་ལེར་མཚམས་འཇོག་བྱ་རྒྱུའི་འཆར་གཞི་ཡོད་སྐོར་འདུག །
མོན་གྷོ་གསར་འགོད་པས།