རྨ་ཆུ་རྫོང་བོད་རིགས་སློབ་ཆུང་གི་དགེ་རྒན་འཇུ་བཟུང།
ད་ལྟའི་ཆར་ནང་མི་གཉེན་འབྲེལ་སུས་ཀྱང་ཁོ་རང་འཛིན་བཟུང་གི་རྒྱུ་རྐྱེན་དང་གར་ཡོད་དང་གནས་སྟངས་ཇི་ཆགས་སོགས་ཤེས་རྟོགས་ཐུབ་མི་འདུག་ཅེས་བརྗོད་གནང་བྱུང།
དངུལ་རྭའི་སྟབས་ལྡན་ལགས་ནི། ཕྱི་ལོ་༡༩༧༡ ལོར་རྨ་ཆུ་རྫོང་དངུལ་རྭ་ཞང་ཞོགས་ཆུ་རྔ་སྐོར་སྡེ་བ་རུ་སྐྱེས་ཤིང༌། སློབ་ཆུང་འགྲིམས་རྗེས་དངུལ་རྭ་གཉན་ཐོགས་དགོན་དུ་ཆོས་སྒོར་ཞུགས་ཡོད་པ་རེད། ཕྱི་ལོ་༡༩༩༩ ལོར་དགོན་པར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་སྐབས་༧རྒྱལ་བ་རིན་པོ་ཆེར་མཚན་དམོད་དང་བསྐུར་འདེབས་བྱེད་དགོས་པའི་བཙན་བཀའ་བཏང་བ་ངོས་ལེན་མ་བྱས་པར། ༢༠༠༠ ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་དགོས་བྱུང་ཡོད་པ་དང་། བཙན་བྱོལ་ནང་འབྱོར་རྗེས་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་གཉེར་མཐའ་འཁྱོངས་བྱས་ཏེ། ༢༠༠༦ ལོའི་ལོ་མཇུག་ཏུ་ཨ་མའི་རེ་བ་ལྟར་ཕྱིར་བོད་ནང་ལོག་སྟེ་ད་ལྟའི་བར་རྨ་ཆུ་རྫོང་བོད་རིགས་སློབ་ཆུང་གི་བོད་ཡིག་དགེ་རྒན་གྱི་ཕྱག་ལས་གནང་ཡོད་པ་རེད།།
