གཟའ་སྤེན་པའི་ཉིན་གསེར་རྟ་རྫོང་སློབ་འབྲིང་སློབ་མའི་ཞི་རྒོལ།
ཉེ་བའི་བདུན་ཕྲག་གཅིག་ལྷག་གི་རིང་གསེར་རྟ་རྫོང་དུ་ཞི་རྒོལ་བྱེད་མཁན་བསྟུད་མར་བྱུང་ཡོད་པ་དང། རེས་གཟའ་སྤེན་པའི་ཉིན་སློབ་འབྲིང་སློབ་མས་ངོ་རྒོལ་བྱས་པ་སོགས་ཀྱི་གནས་ཚུལ་ཡང་བྱུང་ཡོད་པ་རེད། ད་ལྟའི་ཆར་སློབ་མ་རྣམས་དོ་དམ་བཙོན་འཇུག་བྱས་མེད་ཀྱང། ཉིན་ཤས་རྗེས་རེ་རེ་བཞིན་འདྲི་རྩད་དང་འབྲེལ་རྒྱུད་སྐུལ་བྱེད་མཁན་སུ་ཡིན་མིན་དང། གནད་དོན་དེའི་འབྱུང་ཁུངས་སུ་ཡིན་མིན་སོགས་རྩད་གཅོད་བྱེད་རྒྱུའི་ཆེད་དུ་གནས་སྐབས་གློད་གྲོལ་བཏང་བ་ཞིག་ཡིན་པའི་ཚོད་དཔག་བྱེད་མཁན་ཡང་ཡོང་བཞིན་ཡོད་པ་རེད། ད་ལྟའི་ཆར་གནས་ཚུལ་འདིའི་ཞིབ་ཕྲ་རྩད་གཅོད་བྱེད་བདེ་མ་བྱུང་ཡང་རིམ་བཞིན་འགོད་རྒྱུ་ཡིན།།