ཁྱེད་རང་ངའི་འགྲམ་དུ་མེད་དུས་སུ། ང་ལ་རྨི་ལམ་མང་བོ་ཡོད།

བཟའ་ཚང་བྱས་དེ་ལོ་ངོ་བཅུ་ཕྱིན་འདུག་ཀྱང་
དུས་ད་ལྟ་ཡང་  ཕོ་གསར་སུ་ལ་ཡང་ཁ་བསྐྱལ་མྱོང་མེད་པའི
གསར་དུ་ངོ་ཤེས་པའི་བུད་མེད་དེ་ཡི་སྙིང་གཏམ་ལས
སྔར་བྱུང་མ་མྱོང་བའི་ཚོར་བ་ཞིག་གིས་ཚུར་རྒོལ་ནས་འོང་དུས
ངའི་བྱང་ཁོག་གི་སྙིང་དབུས་སུ  དོན་དངོས་སུ་ཁྱེད་རང་ཡོད་སྲིད་དམ

མི་ལོ་བཅུ་གསུམ་གྱི་སྔོན་ནས་ངོ་ཤེས་པའི་ཁྱེད་རང་གི་གྲུབ་གཟུགས་ལས
ངས་གང་ཡང་མ་བཙལ་བ་མེད་ལ  ངས་མ་བྱས་པའི་ནོར་འཁྲུལ་ཡང་གཏན་ནས་མི་ཉུང་
འོན་ཀྱང་  དུས་དེ་རིང་ཡང་  ཉེ་སར་འབྱོར་ནས་ཐག་རིང་དུ་ཕྱིན་པའི
འཛིན་རེག་གཏན་ནས་བྲལ་བའི་གཟུགས་མེད་ཀྱི་ཡོལ་རས་ཤིག་གི་ཕྱི་རོལ་ན
དོན་དངོས་སུ་ཁྱེད་ཀྱི་སྙང་བརྙན་ལ  ད་དུང་འགྱུར་བ་སོང་མེད་དམ

རྒས་ཤིང་ཀོག་པའི་ཨ་མ་རྒན་མོ་ཞིག་ནི་གཞུང་ལམ་གྱི་དཀྱིལ་ནས
འདར་བཞིན་འདར་བཞིན  འཇིག་རྟེན་ལ་ཞེན་ཆགས་ལྕི་མོས
མིག་ཟུང་གི་སྐྱི་མོ་གཉིས་ལྷབ་ལྷུབ་དུ་གཡོ་ཞོར  ཡར་མར་ལ་བལྟས་དེ་གཞུང་ལམ་བརྒལ་དུས
མི་རིགས་ནག་པོའི་ཕོ་གསར་དེ་ཡིས་ཨ་མ་རྒན་མོའི་ལག་འགོའི་བཟུང་དེ་ཕར་བགྲོད་དུས
མིག་གིས་རིག་རིག་བྱས་དེ   ཕྱི་ལོག་ན་བལྟ་བཞིན་པའི་ང་རང་གིས་ཁྱེད་རང་དྲན་ཡོད་དམ