སྐྱེ་དགུའི་ས་ཡོམ་གྱི་གནོན་སྐྱོན
སྐྱེ་དགུའི་ས་ཡོམ་གྱི་གནོན་སྐྱོན་ལ་དགོན་སྡེ་ཁག་གི་རོགས་རམ།
སྐྱེ་དགུ་མདོའམ་ཡུལ་ཤུལ་ཁུལ་དུ་ས་ ཡོམ་གྱི་དོན་རྐྱེན་བྱུང་ནས་མི་ཤི་རྒྱུ་གོད་ཧ་ཅང་ཆེན་པོ་བྱུང་ཡོད་པ་དང་། ད་ལྟའི་རྫ་ཆུ་ཁའི་ཁོངས་གཏོགས་རྫ་སེར་ཤུལ་དགོན་པའི་གྲྭ་པ་༥༠༠ ཙམ་གྱིས་གུར་༣༠༠ ཙམ་དང་། ཟས་གོས་སོགས་མཉམ་ཁྱེར་གྱིས་གནོད་སྐྱོན་ཕོགས་ཡུལ་དུ་རོགས་རམ་བྱེད་པར་འགྲོ་ རྒྱུའི་གྲ་སྒྲིག་བྱེད་བཞིན་པ་དང་།
སྐྱེ་དགུ་ཁུལ་དུ་ས་ཡོམ་གྱི་གནོད་སྐྱོན་ཛ་དྲག་ཏུ་འགྲོ་བཞིན་པ།
ཁམས་སྐྱེ་དགུ་ཁུལ་དུ་དེ་རིང་ཞོགས་པ་ས་ ཡོམ་བརྒྱབ་ནས་བོད་རིགས་འདུ་སྡོད་བྱེད་སའི་ཁང་པ་མང་ཆེ་བར་གཏོར་སྐྱོན་བཏང་ ཡོད་པ་དང། ད་ལྟའི་ཆར་མིའི་ཚེ་སྲོག་ཤོར་བའི་གྲངས་ཚད་ངེས་གཏན་མེད་ཀྱང། བོད་མི་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག ས་ཡོམ་དེ་བྱུང་བའི་སྐབས་སུ་སྐྱེ་དགུ་མདོ་གཅིག་པུ་ཙམ་ཙམ་ཡིན་པར་ཁྲི་འདུ་སྐལ་ བཟང་དགོན་པའི་གྲྭ་ཤག་ཕལ་མོ་ཆེ་གཏོར་བཤིག་བཏང་ཡོད་པ་མ་ཟད། དགོན་པའི་འདུ་ཁང་ལའང་གནོན་སྐྱོན་ཆེན་པོ་བྱུང་ཡོད་འདུག་པ་དང། མཁར་དགོན་པའི་གྲྭ་ཤག་མང་པོར་གཏོར་སྐྱོན་བཏང་བའི་གནས་ཚུལ་ཡང་ཐོན་འདུག
