མི་ལྔ་བརྒྱ་དགུ་ཚེས་ལས་འདས་སོང་ཟེར།

 

ཟླ༤བའི་ཚེས༡༥ཉིན་གྱི་ནམ་གོང་གི་ཆུ་ཚོད་གཉིས་དང་སྐར་མ་ཉེར་ལྔའི་སྟེང་ཡུལ་ཤུལ་ས་ཡོམ་བཀོད་འདོམ་པུའུ་ཡིས་ཕུལ་བའི་སྙན་ཞུ་ལྟར་ན།ཚེས༡༥ཉིན་གྱི་ནམ་གོང་གི་ཆུ་ཚོད་གཉིས་བར་དུ། ས་ཡོམ་ཁྲོད་ནས་བསྡོམས་པས་མི་ལྔ་བརྒྱ་གྱ་དགུ་ཚེ་ལས་འདས་པ་དང་།མི་སྟོང་བརྒྱད་ལྷག་ལ་རྨས་ཕོག སྨན་བཅོས་མྱུར་སྐྱོབ་ས་ཚིགས་སུ་སྨན་བཅོས་བྱེད་བཞིན་པའི་རྨས་མ་མི་སྟོང་གཉིས་དང་སུམ་བརྒྱར་སླེབས་ཡོད་ཅིང་། དེའི་ནང་གི་མི་བདུན་བརྒྱ་ལ་རྨས་ལྗིད་མོ་ཕོག་ཡོད། མང་ཚོགས་ཀྱི་འདུག་ཁང་ཁྲི་གཅིག་དང་སྟོང་ལྔ་བརྡིབས་ཡོད་པ་དང་།གནོད་སྐྱོན་ཐེབས་པའི་མང་ཚོགས་ཀྱི་ཁྱིམ་ཚང་འབུམ་གཅིག་གནས་སྤར་ནས་བཀོད་སྒྲིག་བྱེད་དགོས་པ་རེད། གནས་ཚུལ་ཞིབ་མོ་ད་ལྟ་སྡོམ་རྩིས་བྱེད་བཞིན་པའི་སྒང་ཡིན།