སྐྱེ་རྒུའི་གོད་ཆག་ལ་ཐུགས་གསོའི་ལེ་ཚན།

གསལ་བསྒྲགས་ནང་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་བརྒྱུད་བཙན་བྱོལ་གཙོས་རྒྱལ་སྤྱིའི་ཁྱོན་ཡོངས་ནས་བོད་ཁམས་རྒ་སྐྱེ་རྒུ་མདོ་ཁུལ་གྱི་ས་འགུལ་སྐབས་གོད་ཆག་ཕོགས་པ་ཚོར་ཐུགས་གསོའི་འཚམས་འཕྲིན་འབུལ་གཏོང་ཆེད་དམིགས་བསལ་ལེ་ཚན་གསར་བསྐྲུན་ཞུ་རྒྱུ་དང༌། གོ་སྐབས་འདི་བརྒྱུད་འདི་ག་རླུང་འཕྲིན་ཁང་བརྒྱུད་ས་འགུལ་སྐབས་གོད་ཆག་ཕོགས་པ་ཚོར་དམིགས་བསལ་གདུང་སེམས་མཉམ་སྐྱེད་དང་ཐུགས་གསོའི་འཚམས་འཕྲིན་འབུལ་གཏོང་ཞུ་སླད། འདི་ག་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་རྩོམ་སྒྲིག་ལས་ཁང་དུ་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ། འདི་ནས་ཁྱེད་རྣམ་པའི་འཚམས་འཕྲིན་རྣམས་སྒྲ་འཇུག་ཞུས་ཏེ་ཉིན་ལྟར་ཆགས་མེད་ད་ལྟ་བོད་ནང་དངོས་སུ་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པའི་བོད་མི་ཚོར་འདི་གའི་རླུང་འཕྲིན་ལས་རིམ་བརྒྱུད་གསན་ཐུབ་པའི་གོ་སྐབས་བསྐྲུན་རྒྱུ་ཡིན་པ་དེ་དོན་དགོངས་འཇགས་ཞུ། ཞེས་དང། འབྲེལ་བ་གནང་མཁན་ཚོས་འདི་གའི་གཤམ་འཁོད་ཁ་པར་+91-1892-222384 དང་གློག་འཕྲིན་ཁ་བྱང་ info@vot.org ཐོག་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ་རྒྱུ་ཡིན་ཞེས་དང། ད་ལྟའི་དམིགས་བསལ་ལེ་ཚན་འདི་ནི་རེས་གཟའ་ཟླ་བ་ཕྱི་ཟླ་ ༤ ཚེས་ ༡༩ ནས་འགོ་འཛུགས་ཞུ་རྒྱུ་དང༌། ཁ་པར་ལེན་རྒྱུའི་དུས་ཚོད་ནི་རྒྱ་གར་གྱི་ཞོགས་པ་ཆུ་ཚོད་ ༩ ནས་ཕྱི་དྲོའི་ཆུ་ཚོད་ ༥ བར་ཡིན་པ་དེ་དོན་དགོངས་འཇགས་ཡོང་བ་དང། འདི་གའི་ལས་རིམ་ཡོངས་རྫོགས་རྣམ་པ་ཚོས་ང་ཚོའི་དྲ་རྒྱ་བརྒྱུད་གསན་ཐུབ་ཀྱི་ཡོད་ན། ང་ཚོའི་དྲ་རྒྱའི་ཁ་བྱང་ www.vot.org ཐོག་ཐུགས་སྣང་དང༌། དམིགས་བསལ་ལེ་ཚན་འདིའི་ནང་མཉམ་ཞུགས་གང་མང་ཡོང་བའི་རེ་འདུན་ཞུ་བཞིན་ཡོད་ཅེས་འཁོད་ཡོད་པ་རེད།།